ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་ཚུལ་ལ་བརྟག་ཞིབ་གནང་ནས་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། བརྟག་ཞིབ་ཁྲོད།འགན་གཙང་དུ་བླངས་པའི་རྣམ་གྲངས་ཀྱི“གྲོང་ཁྱེར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི”འཛུགས་སྐྲུན་ལས་དོན་ལ་མཛུབ་ཁྲིད་དང་། ས་ཡུལ་དངོས་སུ་རྣམ་གྲངས་ལ་སྐུལ་འདེད་བཏང་བར་མ་ཟད། འགོག་རྐྱེན་དང་དཀའ་གནད་ལ་དབྱེ་ཞིབ་བྱས་ནས་ཐག་གཅོད་བྱས་ཏེ།ལས་ཀའི་ལས་འགན་དང་བྱེད་ཐབས་ཁ་གསལ་བཟོས་ཡོད།
ཀྲའོ་ཧུའེ་ཉན་ཁྲེང་ཀོན་ཆུས་རྡོ་སེང་གེ་ལམ་དང་། མི་རིགས་ལྷོ་ལམ། ནོར་སྟོད་ཤར་ལམ། བཅིངས་འགྲོལ་ཤར་ལམ་སོགས་སུ་ཕེབས་ནས་གློག་སྒུལ་རླངས་འཁོར་འཇོག་སའི་འཆར་འགོད་དང་། གྲོང་ཁྱེར་འགྲིམ་འགྲུལ་དོ་དམ། སྤྱི་པའི་འགྲིམ་འགྲུལ་གྱི་ལས་ཞུགས། གྲོང་ཁྱེར་སྔོ་འགྱུར་སྲུང་སྐྱོང་། གྲོང་ཁྱེར་གྱི་སྒྲིག་བཀོད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་ས་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད། བརྟག་ཞིབ་གནང་རིང་ཀྲའོ་ཧུའེ་ཉན་གྱིས་གྲོང་མི་མང་ཚོགས་དང་། ལས་སྒྲུབ་མི་དམངས་ཉེན་རྟོག་པ། གཞོན་ནུ་དང་བླངས་པ་བཅས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་རེ་འདུན་ལ་ལན་སློག་པར་གཞིགས་ནས་བཟོས་པའི་ལས་ཀའི་ཐབས་ཇུས་ཤིག་ཡིན་པ་དང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社