分享按钮

ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་འགྲོ་བའི་དུས་ལ་སླེབས་པ་དང་གོ་ལ་ཧྲིལ་པོའི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་ཆེ་ཤོས་སུ་གྱུར་ནས། རྒྱལ་སྤྱིའི་ཡུལ་སྐོར་གྱི་ཡུལ་སྐོར་བའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་དང་ཡུལ་སྐོར་ལ་འགྲོ་སའི་རྒྱལ་ཁབ་གཙོ་བོར་གྱུར་ཡོད་ཅིང་། ཡུལ་སྐོར་ལས་རིགས་དེ་ཆུང་བ་ནས་ཆེ་བའི་བར་དང་། ཉམས་ཞན་ནས་རིམ་བཞིན་སྟོབས་ཆེར་འགྲོ་བའི་བར། ཉིན་བཞིན་གསར་དར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཐོན་ལས་སུ་གྱུར་ཐོག ཐུན་མིན་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་གོང་འཕེལ་གྱི་ལམ་བུའི་ཐོག་རྒྱལ་ཁའི་ངང་བསྐྱོད་ཐུབ་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཡུལ་སྐོར་གོང་འཕེལ་ལ་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་འཕྲད་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་། ཁྱོན་ཡོངས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དྲང་སྲུང་གསར་གཏོད་དང་། སྤུས་ཚད་མཐོར་གཏོང་། མཉམ་འདྲེས་གོང་འཕེལ་བཅས་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་དང་ཁྲོམ་ར་དང་། མཁོ་སྤྲོད་དང་དགོས་མཁོ། སྲུང་སྐྱོང་དང་གསར་སྤེལ། རྒྱལ་ནང་དང་རྒྱལ་སྤྱི། གོང་འཕེལ་དང་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་བྱེད་པ། དེང་རབས་ཡུལ་སྐོར་ལས་རིགས་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་གཏོད་དགོས་ལ། ཡུལ་སྐོར་ལས་རིགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་ཞུ་བ་དང་། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་གཟུགས་བརྙན་མངོན་པར་བྱེད་པ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཐུབ་པ་བཅས་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། ལས་བགོས་རོགས་ལས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། ཡུལ་སྐོར་ལས་རིགས་སྤུས་མཐོའི་གོང་འཕེལ་དང་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

རྒྱལ་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་ཚོགས་ཆེན་དེ་ཟླ་5ཚེས་17ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པར་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱས་ཏེ། ཐུན་མིན་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཡུལ་སྐོར་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དགོས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་སྟོབས་ཆེན་གྱི་རྒྱལ་ཁབ་གང་མགྱོགས་འཛུགས་སྐྱོང་བྱས་ཏེ། མ་ལག་ལྡན་པའི་འཆར་འགོད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཤུལ་བཞག་དང་འབྱུང་ཁམས་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པ། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181119.html 1 ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->