分享按钮

2024ལོ་འཁོར་གྱི“བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང” བྱེད་འགོ་ཚུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། 2024ལོ་འཁོར་གྱི་བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང་ལས་དོན་དེ་ཚེས་17ཉིན་འགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ད་ལོར་གློག་ཕྱིར་གཏོང་ཚད་ཏུའུ་དུང་ཕྱུར་20ཙམ་ཟིན་ནས་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་6ཙམ་གཏོད་རྒྱུ་དང་། རང་རྒྱལ་གྱི་དབུས་ཤར་ས་ཁུལ་གྱི་དབྱང་གཉིས་ཐཱན་རྫས་ཏུན་ཁྲི་160དང་དབྱང་གཉིས་མུ་ཟི་ཏུན་ཁྲི་5ཉུང་གཏོང་ཐུབ་རྒྱུར་རོགས་རམ་ཐུབ་རྒྱུ་རེད།

ཚེས་17ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོར་བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང་གི་ཁྱབ་ཁོངས་སུ་པེ་ཅིང་དང་། ཧྲང་ཧའེ། ཧུའུ་ནན་སོགས་ཞིང་ཆེན་དང་གྲོང་ཁྱེར་16ཡོད། 2015ལོར་བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང་ཐེངས་དང་པོ་བྱས་པ་ནས་2023ལོའི་ལོ་མཇུག་བར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཆུ་གློག་སོགས་ནུས་རྒྱུ་གཙང་མ་ཕྱིར་གཏོང་བྱེད་ཚད་ཏུའུ་དུང་ཕྱུར་139.99ལས་བརྒལ་བ་དང་། ཞིང་ཆེན་དབར་གློག་ཉོ་འཚོང་གི་ཚད་ཏུའུ་དུང་ཕྱུར་269.69ཟིན་ཡོད། དེ་དང་ཆབས་ཅིག་དབྱང་གཉིས་ཐཱན་རྫས་འབུད་ཚད་ཏུན་ཁྲི་2064ཉུང་དུ་ཕྱིན་ཞིང་། དཔལ་འབྱོར་ཕན་འབྲས་སྒོར་དུང་ཕྱུར་37ཙམ་བཏོད་ཡོད། དེས་དབུས་ཤར་ས་ཁུལ་གྱི་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

བོད་ལྗོངས་གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པ་དང་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གློག་སྤྱོད་ཀྱི་དགོས་མཁོ་སྐོང་བར་བསམ་གཞིགས་གང་ལེགས་བྱས་པའི་རྨང་གཞིའི་ཐོག རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གློག་དྲ་ཁག་གཅིག་གི་གནམ་གཤིས་སོགས་འགན་རྐྱེན་ཁྱད་དུ་བསད་ནས་གློག་དྲའི་སྒྲིག་ཆས་གསར་པ་ཐོན་སྐྱེད་དང་བཟོ་བཅོས་སོགས་ཀྱི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་ཏེ། གློག་སྤྱོད་ཀྱི་གཞོགས་གཉིས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཚོད་འཛིན་ལག་རྩལ་གསར་པ་སྤྱོད་པ། ཉོ་འཚོང་སྣ་ཁ་སྡེབ་སྒྲིག་ལེགས་སྒྱུར་སོགས་ཀྱི་བྱ་ཐབས་བརྒྱུད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181116.html 1 2024ལོ་འཁོར་གྱི“བོད་ལྗོངས་ཀྱི་གློག་ཤུགས་ཕྱིར་གཏོང” བྱེད་འགོ་ཚུགས་པ། /enpproperty-->