分享按钮

སྙེ་མོ་རྫོང་གི་གཟན་ཆག་ལས་སྣོན་བཟོ་གྲྭ་ཆེ་གྲས་ཐོག་མ་དེ་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ།

སྔོན་དཔག་ལྟར་ན་ལོ་རེའི་ཐོན་ཚད་ཏུན་ཁྲི་5ཟིན་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་ཁྱད་ལྡན་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་ཤུགས་རྒྱག་སའི་གྲས་ཤིག་ཏུ་བརྩིས་ཤིང་།ཞན་ཆར་དམིགས་ཏེ་ལེགས་ཆ་དང་ཁྱད་ཆོས་ཐོན་པར་བྱས་ནས་ཐོན་ལས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་།ཐོན་ལས་སྦྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྒུལ་ཤུགས་བསྣན་པ་རེད།

ད་ལྟའི“རྒྱུ་ཆ་ཉོས་ནས་གསོ་ཚགས་བྱེད་པའི”གནས་ཚུལ་ལ་འགྱུར་ལྡོག་བཏང་སྟེ། ཞིང་འབྲོག་མང་ཚོགས་ཀྱི་མ་གནས་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ན་ནིང་ནས་བཟུང་། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རིམ་པ་དེ་གའི་ནོར་ཤུགས་ཞན་པའི་དངོས་ཡོད་དཀའ་ངལ་ལ་ཐད་ཀར་ཕྱོགས་ནས“ཞན་ཆ་གསབ་པ་དང་།སྤུས་ཚད་མཐོ་རུ་གཏོང་བ།ཕན་འབྲས་ཆེ་རུ་གཏོང་བ”བཅས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། གསོ་ཚགས་ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་བཏང་སྟེ་གཟན་ཆག་ལས་སྣོན་བཟོ་གྲྭའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཉེ་ཆར། གསར་འགོད་པར་ཐོན་མིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྙེ་མོའི་ཐོན་ལས་ཁུལ་དུ་ས་ཁྱོན་སྨི་ངོས་གྲུ་460.8ཡོད་པའི་སྙེ་མོ་རྫོང་གི་གཟན་ཆག་ལས་སྣོན་བཟོ་གྲྭའི་གྲུབ་ཆ་གཙོ་བོ་འཛུགས་སྐྲུན་བྱས་ཟིན་པ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 སྔོན་དཔག་ལྟར་ན་ལོ་རེའི་ཐོན་ཚད་ཏུན་ཁྲི་5ཟིན་རྒྱུ་ཡིན་པ། 6 6 拉萨日报藏文 c181115.html 1 སྙེ་མོ་རྫོང་གི་གཟན་ཆག་ལས་སྣོན་བཟོ་གྲྭ་ཆེ་གྲས་ཐོག་མ་དེ་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་ཡིན་པ། /enpproperty-->