ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་མཛུབ་ཁྲིད་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་ཨུད་ཏང་གི་སློབ་གྲྭས་གཙོ་གཉེར་བྱས་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་2024ལོའི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་སློབ་མཇུག་འགྲིལ་བ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་པ་དང་།གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་པ།གཞི་རིམ་བཅོས་སྐྱོང་གི་གཙོ་གནད་དང་ཏང་ཡོན་ལས་བྱེད་པའི་དགོས་མཁོར་གཞིགས་པ།གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་གཙོ་གནད་ལས་འགན་ལ་གཞི་ཚུགས་ནས་སྐུལ་འདེད་བཏང་བ།འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་གཞིགས་མཐོ་རུ་གཏོང་རྒྱུ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་སོགས་ཀྱི་གསོ་སྦྱོང་སློབ་ཚན་ཇུས་འགོད་ཞིབ་ཚགས་བྱས་པ་དང་འབྲེལ།གཞི་རིམ་ལས་བྱེད་པ་དང་མཁས་པ་གདན་དྲངས་ནས་དངོས་སྦྱོང་སློབ་ཁྲིད་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་སྡེ་ཁུལ་གྱི་རང་ཉིད་ལྔའི་ལས་ཀ་བྱེད་སྟངས་དང་ཁྲེང་ཀོན་ཆུས་དཔལ་གླིང་སྡེ་ཁུལ་གྱི་འཐབ་ཕྱོགས་དང་པོ་དགུའི་ལས་ཀ་བྱེད་སྟངས་ཐད་ཡུལ་དངོས་སུ་ལྟ་སྐོར་སློབ་སྦྱོང་བྱས་ནས་ལས་ཀའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་བྱས་པ་རེད།རྣམ་པ་མི་འདྲ་བའི་སློབ་ཁྲིད་བྱས་པ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་སློབ་མའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། ཆེད་ལས་ཀྱི་བྱང་ཚད། འགན་འཁྲི་སྒྲུབ་པའི་འཇོན་ཐང་བཅས་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社