分享按钮

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ལ་རོགས་སྐྱོར་བྱེད་ཅེས་པའི་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དབང་པོ་སྐྱོན་ཅན་གྱི་བདེ་ཐང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་རང་ཉིད་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར།གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་སྐར་འོད་སྤྱི་ཚོགས་ལས་དོན་པའི་ཞབས་ཞུ་ལྟེ་གནས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ནས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ་རེད། དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་རྟོག་བྱ་ཡུལ་དང་།ཁྱིམ་བདག ལས་དོན་མི་སྣ་སོགས་མི་40ཡིས་འཆད་ཁྲིད་ཉན་ལ་ཡོད་པ་རེད།

ད་ཐེངས་འཆད་ཁྲིད་ཀྱི་གཙོ་དོན་ནི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ལ་རོགས་སྐྱོར་བྱེད་ཅེས་པ་དེ་ཡིན་ཞིང་། གསར་འགོད་པས་འཆད་ཁྲིད་དེ་གསང་དོན་ལ་སྲུང་སྐྱོང་དང་བརྩི་འཇོག་གང་ལེགས་བྱེད་པའི་རྩ་དོན་གཞིར་བཟུང་།ཕོ་མོ་དང་དེ་བཞིན་ཁྱིམ་བདག་ལ་འཛིན་གྲྭའི་དབྱེ་བ་དགར་ནས་སྤེལ་ཡོད་པ་དོ་སྣང་བྱུང་། འཆད་ཁྲིད་ནང་རིགས་གཅིག་མཁས་ཅན་ཚོས་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆའི་ཐོག་ནས་གསོན་ཉམས་དོད་པའི་གྱོད་དཔེར་དབྱེ་ཞིབ་དང་སྤྲོ་སྣང་ལྡན་པའི་དྲིས་ལན་འདེབས་རེས་སོགས་ཀྱི་བྱ་ཐབས་བརྒྱུད།དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱི་དང་དེའི་ཁྱིམ་བདག་ལ་འཁྲིག་སྦྱོར་ལུས་ཁམས་དང་། འཁྲིག་སྦྱོར་སེམས་ཁམས། འཁྲིག་སྦྱོར་སོགས་ཐད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ།དབང་པོ་སྐྱོན་ཅན་གྱིས་རང་ཉིད་ཀྱི་ཁེ་དབང་ལ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་དང་ཁྲིམས་ལྟར་ཁེ་དབང་ལ་སྲུང་སྐྱོང་ཐུབ་པ་ཤེས་ཡོད། ཁྱིམ་བདག་དང་མཉམ་འགུལ་བྱེད་པའི་ཁྲོད་རིགས་གཅིག་མཁས་ཅན་ཚོས་དབང་པོ་སྐྱོན་ཅན་གྱི་ནང་མིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ལྟ་རྟོག་བྱེད་པའི་སེམས་ཁམས་ཀྱི་འགལ་རྐྱེན་ཇི་ལྟར་ཁྱད་བསད་བྱེད་པ་དང་།ཕྲུ་གུར་འཁྲིག་སྦྱོར་གྱི་འདུ་ཤེས་ཡང་དག་པ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཁྱིམ་བདག་ཚོས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ལ་ལན་ཞིབ་ཕྲ་བརྒྱབ་ཡོད་པ་རེད།

འཆད་ཁྲིད་ལ་ཉན་རྗེས།ཚང་མས་ཕན་པ་མང་པོ་ཞིག་ཐོབ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ད་ཐེངས་ཀྱི་འཆད་ཁྲིད་ལས་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་འཁྲིག་སྦྱོར་བདེ་ཐང་གི་ཤེས་བྱའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ཁོང་ཚོས་སོ་སོ་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ། ཁོང་ཚོའི་ལུས་སེམས་བདེ་ཐང་བཅས་ལ་སྐུལ་འདེད་བཏང་བར་མ་ཟད། ཁོང་ཚོར་སྤེལ་རེས་དང་སློབ་སྦྱོང་གི་སྟེཊ་བུ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ནས་ཁོང་ཚོར་འཁྲིག་སྦྱོར་བདེ་ཐང་གི་ཤེས་བྱའི་ཐད་ངོ་བོའི་རང་བཞིན་གྱི་རོཊ་རམ་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འགན་འཁུར་བ་རྣམ་རྒྱལ་ཆོས་སྒྲོན་གྱིས་ཕྱིས་འབྱུང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱི་འབྲེལ་ཡོད་ཚན་པ་དང་མུ་མཐུད་མཉམ་ལས་ཧུར་ཐག་བྱས་ཏེ།དབང་པོ་སྐྱོན་ཅན་གྱི་བདེ་ཐང་སློབ་གསོའི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་དུས་བཀག་ལྟར་ཆེད་དོན་འཆད་ཁྲིད་བྱས་ནས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ཐད་ཀྱི་ཤེས་བྱའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་རྒྱུ་ཡིན་ཞེས་བཤད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181114.html 1 གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་ལ་རོགས་སྐྱོར་བྱེད་ཅེས་པའི་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ། /enpproperty-->