分享按钮

གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱིས་པའི་ཕན་བདེའི་ལས་ཁུངས་སུ་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱིས་པའི་ཕན་བདེའི་ལས་ཁུངས་ཀྱི་ལས་རིགས་ཨ་མའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར།གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱིས་པའི་ཕན་བདེའི་ལས་ཁུངས་སུ་ལས་རིགས་ཨ་མའི་རིགས་གཞུང་སློབ་སྦྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

འཛིན་གྲྭ་དེའི་སློབ་ཁྲིད་ཀྱི་ནང་དོན་དེ་ཁྱིམ་ཚང་གི་རིག་གནས་དང་། ཁྱིམ་སྲོལ་འཛུགས་སྐྱོང་། ན་སོ་དར་ལ་མ་བབ་པའི་སྐྱེ་བོའི་སྲུང་སྐྱོང་བཅའ་ཁྲིམས། ཏང་གི་བོད་སྐྱོང་སྲིད་ཇུས་སོགས་ཀྱི་ཤེས་བྱ་དང་འབྲེལ་བ་ཡོད་པ་རེད། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕུད། སློབ་ཚན་ནང་ད་དུང་རྩལ་ནུས་སྦྱོང་བརྡར་དང་། སྲིད་དོན་གཙང་སྐྱོང་གི་སློབ་གསོའི་རྟེན་གཞིར་ལྟ་སྐོར། ཚོགས་པའི་འཛུགས་སྐྱོང་བྱེད་སྒོ་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པ་རེད།བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་བརྒྱུད་ལས་རིགས་ཨ་མ་ཚོར་ཕན་པ་ཆེན་པོ་ཐོབ་པར་མ་ཟད།ཚོགས་པའི་རོལ་རྩེད་ལ་བརྟེན་ནས་ཚང་མས་མཉམ་ལས་དང་། འབྲེལ་མཐུད། སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་གལ་ཆེའི་རང་བཞིན་ཤེས་ནས་ལས་རིགས་ཨ་མ་ཚོས་བྱིས་པར་ཞབས་ཞུ་སྒྱུབ་པའི་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད།

ཀྲུང་གོ་ལྷ་སའི་SOSབྱིས་པའི་གྲོང་ཚོའི་ལས་རིགས་ཨ་མ་ཉི་མ་ཕུར་སྒྲོན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཏང་གི་ལོ་རྒྱུས་ནས་ནར་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བཅའ་ཁྲིམས་དང་།དེ་ནས་ཁྱིམ་ཚང་གི་རིག་གནས་འཛུགས་སྐྱོང་བར་ང་ཚོར་ཕན་པ་མི་ཉུང་བ་ཐོབ་ཡོད། ང་ཚོས་ད་ཐེངས་ཀྱི་གསོ་སྦྱོང་ནང་སྦྱངས་པའི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་རང་ཉིད་ཀྱི་ལས་ཀའི་ནང་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181108.html 1 གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱིས་པའི་ཕན་བདེའི་ལས་ཁུངས་སུ་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ། /enpproperty-->