分享按钮

རང་གྲོང་གིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་ཐཱན་ཉུང་ ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་5ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ་ཐེངས་བཅུ་གཉིས་པ་དེ་ཡིན་པ་དང་།བྱེད་སྒོའི་གཙོ་དོན་ནི་ལྗང་མདོག་ཐཱན་ཉུང་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞེས་པ་དེ་ཡིན་པ་རེད། ཚེས་15ཉིན་གྱི་སྔ་དྲོར།གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རང་སྐྱོང་ལྗོངས་འབྱུང་ཁམས་ཁོར་ཡུག་ཐིང་དང་།གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་དང་མཉམ་འབྲེལ་བྱས་ཏེ།ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམས་སྦྱོར་གྱི་དམིགས་ཚད་དང་ལས་འགན་ལ་དམིགས་ནས།བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རང་གྲོང་གི་ཐཱན་ཉུང་བྱ་སྤྱོད་ལ་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་ཡོད།

བྱེད་སྒོའི་ཁྲོད།ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ཆུ་རླངས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་དབྱི་ནན་གྱིས《ཁེ་ལས་ཀྱི་ཐཱན་རྗེས་ཤུལ་གྱི་དོ་དམ་དང་ལག་ལེན》ཞེས་པ་ཁ་བྱང་དུ་བྱས་ནས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། སྡོད་ཁང་དངགྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས། སེམས་དྲོད་ཀུང་སི། བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི་སོགས་རང་གྲོང་གི་ཚན་པ་15ལ་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་གཞི་རྩའི་ཚུགས་གནས་དང་། སྲིད་ཇུས་ཀྱི་དམིགས་ཚད། འཛུགས་སྐྲུན་གྱི་འཕེལ་རིམ་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་ཉེན་ཁ་ཁྱབ་གདལ་དུ་བཏང་བ། སྤྱི་དམངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་སྟངས་དྲིལ་བསྒྲགས་བྱས་ཏེ།སྤྱི་ཚོགས་ལས་རིགས་ཁག་གིས་ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་བརྟེན་ནས་ཐུན་མོང་ཐོག་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུལ་སློང་རྒྱ་ཁྱབ་བྱས་ཡོད།

བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་པུའི་འགན་འཁུར་བ་སུའུ་ཧའེ་ལུང་གིས་ང་ཚོའི་ཀུང་སིས་སྔ་རྗེས་སུ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ཨར་འདམ་ཕྱེ་འཐག་མ་ལག་གི་འཕྲུལ་འཁོར་སོགས་ཀྱི་རྣམ་གྲངས་ཐད་ལག་རྩལ་སྒྱུར་བཀོད་བྱས་ཡོད།ད་ཆ་ནུས་ཁུངས་ཟད་གྲོན་ཆེ་བའི་གློག་འཕྲུལ་41མེད་པར་བཟོས་ནས་ང་ཚོའི་ཀུང་སིའི་ཁོར་ཡུག་སྲུང་སྐྱོང་དང་མ་གནས་ཆུང་དུ་གཏོང་བའི་བྱ་སྤྱོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཕྱིས་འབྱུང་ང་ཚོས་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས།ལྗང་མདོག་ཐཱན་ཉུང་གི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ།ཀུང་སིའི་ལས་བཟོ་བར་ལྗང་མདོག་ཐཱན་ཉུང་གི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ནུས་རྒྱུའི་ཟད་གྲོན་ཉུང་དུ་གཏོང་བ། ཐོན་སྐྱེད་མ་གནས་དམའ་རུ་གཏོང་བ་བཅས་བྱས་ཐོག ཐོན་ཁུངས་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དེའི་རྗེས་སུ།བྱེད་སྒོའི་ཁྲོད་ཞུགས་མཁན་ཚོས་བོད་ལྗོངས་མཐོ་བརྩོན་ཨར་ལས་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིའི་ཀྲུང་དབྱང་ཚོད་འཛིན་ཁང་དང་ཚ་ནུས་ལྷག་མའི་གློག་གཏོང་མ་ལག་ལ་ཡུལ་དངོས་སུ་ལྟ་སྐོར་བྱས་ནས་ཀུང་སི་དེས་རྒྱལ་ཁབ་ཀྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་སྐྱོན་ཉུང་གཏོང་སྲིད་ཇུས་དང་ལེན་དང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་གནས་ཚུལ་ལེགས་བཅོས། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བཅས་བྱེད་པའི་ཐད་ཀྱི་ལས་དོན་ལ་ཤེས་རྟོགས་བྱས་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181109.html 1 རང་གྲོང་གིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་ཐཱན་ཉུང་ ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->