分享按钮

མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཏང་ཡོན་གྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ་5ཚེས་16ཉིན། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གིས་རང་སྐྱོང་ལྗོངས་ཀྱི་རྩེར་སོན་སྒྲོག་འགྲེལ་པ་པ་སངས་གདན་དྲངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་སྐབས་བཀྲ་ཤིས་སྒང་ཤང་གི་སྒྲོག་འགྲེལ་པས་བྱ་སྤྱོད་སྤེལ་བཞིན་ཡོད་ཅེས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཞིང་འབྲོག་ཏང་ཡོན་80ལྷག་ཙམ་སྒྲོག་འགྲེལ་བྱེད་སྒོའི་ནང་ཞུགས་ཡོད།

བྱེད་སྒོའི་ནང་སྒྲོག་འགྲེལ་པ་པ་སངས་ལགས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་པ་དང་། གསོན་ཉམས་ལྡན་པའི་གྱོད་དཔེར་དབྱེ་ཞིབ་བྱེད་པའི་རྣམ་པ་བརྒྱུད། ཏང་གི་སྒྲིག་ཁྲིམས་དེ་ཏང་འཛུགས་སྐྱོང་ཁྲོད་བཟུང་བའི་གལ་ཆེའི་གནས་བབ་ཁ་གསལ་གསལ་ཞིང་གཏིང་ཟབ་བའི་སྒོ་ནས་བརྗོད་ཡོད། དེ་དང་ཆབས་ཅིག་ཞིང་འབྲོག་ཏང་ཡོན་གྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་གི་ཞིང་འབྲོག་ཏང་ཡོན་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཚན་ཁག་ལ་གསལ་འགྲེལ་ཞིབ་ཕྲ་གནང་བར་མ་ཟད། དཔེ་མཚོན་གྱི་སྒྲིག་འགལ་གྱོད་དཔེ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ། སྒྲིག་འགལ་བྱ་སྤྱོད་ཀྱི་ཚབས་ཆེན་རང་བཞིན་དང་གནོད་འཚེ་རང་བཞིན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པས་ཞིང་འབྲོག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱར་སྔར་བས་ཁ་གསལ་པའི་སྒོ་ནས་ངོས་འཛིན་ཐུབ་པར་མ་ཟད། ཞིང་འབྲོག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས་པའི་ཉེན་བརྡ་དང་སློབ་གསོ་ནུས་ལྡན་བཏང་ཡོད། བྱེད་སྒོའི་ནང་། སྒྲོག་འགྲེལ་པས་ད་དུང་ཞིང་འབྲོག་པའི་ཏང་ཡོན་དང་ཡུལ་དངོས་སུ་མཉམ་འགུལ་ཧུར་ཐག་བྱས་ནས་དོགས་གཞིར་ལན་བཏབ་པས་སྒྲོག་འགྲེལ་བྱེད་སྒོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་བརྒྱུད། ཞིང་འབྲོག་པའི་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལ་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་ཐུབ་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད། ཚང་མས་ཏང་གི་སྒྲིག་ཁྲིམས་བླང་བྱ་སྔར་བས་བརྩི་སྲུང་ནན་པོ་ཞུས་ནས་གུས་འདུད་དང་། དོགས་ཟོན། མཐའ་ཚད་སྲུང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་བླང་བྱ་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ནང་རང་རྟོགས་ངང་འདྲེས་ནས་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྒང་ཤང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181107.html 1 མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། /enpproperty-->