ཟླ་5ཚེས་15ཉིན།རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེན་མོ་སྐབས་དང་པོའི(ལྷོ་ནུབ་ཁུལ)བོད་རང་སྐྱོང་ལྗོངས་ཀྱི་འདེམས་སྒྲུག་འགྲན་བསྡུར་བདེ་བླག་ངང་མཇུག་འགྲིལ་བ་རེད། འདེམས་སྒྲུག་འགྲན་བསྡུར་ནང་རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཐག་འཐེན། མུ་ཏིག་སྤོ་ལོ་བཅས་རྣམ་གྲངས་བཞི་བཀོད་སྒྲིག་བྱས་ཡོད། འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་མཁན་ནི་ལྗོངས་ཡོངས་ཀྱི་ས་གནས(གྲོང་ཁྱེར)ཁག་དང་། ལྗོངས་ཐད་གཏོགས་ལས་ཁུངས། ཁེ་ལས་དང་བྱ་གཞག་ཚན་པའི་ལུས་རྩལ་པ་500ལྷག་ཙམ་ཞུགས་ཡོད། འདེམས་སྒྲུག་འགྲན་བསྡུར་བརྒྱུད་རང་ལྗོངས་ཀྱི་ཕུལ་བྱུང་ལུས་རྩལ་པ་དང་ལུས་རྩལ་རུ་ཁག་རྒྱལ་ཡོངས་ཀྱི་འགྲན་རའི་ནང་ཞུགས་རྒྱུ་ཡིན་པ་རེད།
པར་འདི་ནི་ཡུལ་དངོས་སུ་མུ་ཏིག་སྤོ་ལོ་འགྲན་བསྡུར་བྱེད་པའི་རྣམ་པ་ཡིན་པ། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社