分享按钮

(པར་ངོས་དང་པོར་མཐུད)བྱེད་སྒོའི་བརྒྱུད་རིམ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཐད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། བྱེད་སྒོ་སྤེལ་ཡུལ་དང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་སུ་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད།

ཁྲེན་ཅིང་གིས་གནམ་མཚོ་ནི་རང་གྲོང་གི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གལ་ཆེན་ཞིག་ཡིན་པའི་ངོས་ནས་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་ནི་ཕྱི་ཕྱོགས་སུ་རང་གྲོང་གི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་ཁག་དང་ཚན་པ་ཁག་གིས་ད་ཐེངས་ཀྱི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཁྲེན་ཅིང་གིས་བྱེད་སྒོའི་ནང་དོན་ཇུས་འགོད་ཞིབ་ཚགས་བྱས་ནས་བྱེད་སྒོའི་བརྒྱུད་རིམ་སྔར་བས་ཞིབ་ཚགས་སུ་གཏོང་བ། མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྔོག་འདོན་དང་འགྲེམས་སྟོན་ལ་སྣང་ཆེན་བྱེད་པ་བཅས་ཀྱིས་ཡུལ་སྐོར་གྱི་ལས་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་།ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་བར་དེ་བས་གཏིང་ཟབ་དང་ཁྱོན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཉམས་ལེན་མཁོ་འདོན་བཅས་བྱས་ཏེ།ཡུལ་སྐོར་བས་མཛེས་ལྗོངས་མྱོང་རོལ་བྱེད་པ་དང་ཆབས་ཅིག་ལྷ་སའི་རིག་གནས་ཀྱི་ནང་དོན་ཟབ་མོ་ཚོར་ཐུབ་པར་བྱས་ནས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་ལས་གཟེངས་སུ་ཐོན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

ཡུལ་སྐོར་བ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ལམ་ཐིག་འཆར་འགོད་ཡག་པོ་བྱས་ཏེ།མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་ཆུ་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་།ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཆུ་ཚད་དང་སྤུས་རྟགས་ལ་བསྔགས་བརྗོད་དང་།དཔལ་འབྱོར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།ཡུལ་སྐོར་བའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་སྐོང་བ། མཛེས་ལྗོངས་ཁུལ་གྱི་ཉམས་ལེན་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་དུ་གཏོང་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ།དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་སྣ་ཚོགས་བརྒྱུད་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་འབྲེལ་ཡོད་བྱེད་སྒོ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ།ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་དུ་ཡོང་རྒྱུར་ཡིད་དབང་བཀུག་ནས་ལྷ་སའི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་དང་།སྤུས་ཚད་མཐོ་རུ་གཏོང་བའི་ཐད་བྱས་རྗེས་དེ་བས་ཆེ་བ་མངོན་པ་བཅས་ཀྱི་སྒོ་ནས་རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་མཉམ་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181105.html 1 /enpproperty-->