分享按钮

ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ཁྱབ་ཁོངས་ཆུང་ངུའི་ཞལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་རྒྱུ་དེ་ཡིན། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ནི་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་དུས་ཐོག་ཏུ་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཁས་ལེན་དང་། ཕྱོགས་ཁག་འདྲ་མཉམ་ངང་ཞུགས་པ། ཇུས་གཞི་ཚང་མར་འདྲ་མཉམ་ངང་གྲོས་བསྡུར་བཅས་བྱེད་པའི་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱས་ནས་ཡུག་རེན་གྱི་གནད་དོན་ཆབ་སྲིད་ཐོག་ནས་སྔ་ཙམ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་འདོད་ཡོད།

ཕུའུ་ཅིང་གིས་ཨུ་རུ་སུ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་ཚུལ་དང་ལངས་ཕྱོགས་ངོ་སྤྲོད་གནང་བ་དང་། ཁོང་གིས་གསུངས་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་དོན་དངོས་དང་མཐུན་པ་དང་། དྲང་གཞག དོ་སྙོམས་བཅས་ཀྱི་ལངས་ཕྱོགས་བཟུང་བར་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་མུ་མཐུད་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཆབ་སྲིད་གྲོས་མོལ་བརྒྱུད་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞོལ་ནས་ལྷག་བསམ་མཚོན་འདོད་ཡོད་པར་མ་ཟད། དེའི་ཐད་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་ཡིན།

ས་རིམ་བཞིན་རུབ་པ་དང་བསྟུན་ནས་གློག་འོད་ཆེམ་ཆེམ་དུ་འཕྲོ།

ཞི་ཅིན་ཕིང་གིས་ཕུའུ་ཅིང་དང་ཕྱག་བཏང་གནང་ནས་ཞལ་གྱེས་ཞུས་ཤིང་། ཞི་ཅིན་ཕིང་གིས་གསུངས་དོན། ལོ་ཤས་རིང་ང་ཚོས་ཐུག་འཕྲད་ཐེངས་མང་གནང་བ་དང་། སྤེལ་རེས་གནང་ཐེངས་རེ་རེ་ནི་ཟོལ་མེད་གཏིང་ཟབ་ཡིན་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། ངས་སྲིད་འཛིན་ཕུའུ་ཅིང་དང་མུ་མཐུད་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ཁ་ཕྱོགས་དམ་འཛིན་ཡག་པོ་བྱས་ནས། དུས་རབས་གསར་པའི་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་པོ་ཡུན་རིང་ཡོང་བར་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་རྒྱུ་དང་། འཛམ་གླིང་བདེ་འཇགས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཁོང་གིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་ཐེངས་རེ་རེར་ང་ཧ་ཅང་དགའ་པོ་བྱུང་། ང་ཚོའི་སྤེལ་རེས་གཏིང་ཟབ་ལ་དོན་སྙིང་ཡང་ཆེན་པོ་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ང་ཚོར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཨུ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཡོང་རྒྱུར་འགན་ལེན་བྱེད་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181104.html 1 ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ཁྱབ་ཁོངས་ཆུང་ངུའི་ཞལ་མོལ་གནང་བ། /enpproperty-->