ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་16ཉིན།གྲོང་ཨུད་རྩ་འཛུགས་གསར་གཉིས་ལས་དོན་ཨུ་ལྷན་གྱིས་2024ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད།གྲོང་ཨུད་བཅས་ཀྱི་ཉེ་དུས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དུས་འགོའི་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིས་འབྱུང་གི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་རྩ་འཛུགས་གསར་པ་གཉིས་ཀྱིས་གྲོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་ཚད་གཞི་མཐོན་པོའི་སྒོ་ནས་གཏན་འབེབས་བྱས་པའི་བྱ་སྤྱོད་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ཏེ།རྩ་འཛུགས་གསར་པ་གཉིས་ཀྱི་ཏང་ཡོན་གྱིས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས།སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་ནས་མཉམ་སྐྲུན་མཉམ་སྐྱོང་གི་བླང་བྱ་དོན་འཁྱོལ་བྱས་ཏེ།གཞི་རིམ་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་གཏོད་དགོས་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།ཡུལ་ཁོངས་ཡུལ་སྐོར་གྱི་ལེ་ལག་འཕེལ་རྒྱས་ཆེན་པོའི་བྱ་སྤྱོད་ནང་མཉམ་འདྲེས་གཏིང་ཟབ་བྱས་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ་དང་།ཡུལ་སྐོར་ལས་རིགས་མཐུན་ཚོགས་འཛུགས་པ་དང་ཏང་རྩ་འཛུགས་འཛུགས་པའི་ལས་དོན་ཐད་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན།གཙོ་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་སྤེལ་ནས་སྤྱི་དབང་མིན་པའི་ཁེ་ལས་ལ་དམིགས་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བསམ་བློའི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཁྱབ་པ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ནས་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ། ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ།ལས་རིགས་གསར་པ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྲོད་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས་སྐོར་སྐྱོད་ཏང་ཡོན་གྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས།
གྲོང་ཨུད་རྩ་འཛུགས་གསར་གཉིས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཨུ་ཡོན་དང་། གྲོང་ཁྱེར་རིམ་པའི་རྩ་འཛུགས་གསར་པ་གཉིས་ཀྱི་ལས་རིགས་ཁག་གི་ཏང་ཨུའི་འགན་འཁུར་བ་གཙོ་བོ། རྫོང(ཆུས)ཨུད་ཁག་གི་རྩ་འཛུགས་གསར་གཉིས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། བྱེད་ནུས་ཁུལ་གྱི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社