分享按钮

ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁྲིམས་འཛུགས་ཤེས་བྱའི་ གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚེས་16ཉིན།ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁྲིམས་འཛུགས་ཤེས་བྱའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད།

གསོ་སྦྱོང་བྱེད་རིང་བོད་ལྗོངས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་ཡོན་ཀྲང་དང་དགེ་རྒན་ཆེན་མོ་བ་ཀའོ་ཏ་ཧུང་གིས་འཆད་ཁྲིད་ཐེངས་དང་པོ་གནང་སྟེ།ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སྣེ་ཁྲིད་དུ་བྱས་ནས་ཁྲིམས་ལྟར་བོད་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་གཙོ་དོན་དུ་དམིགས་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ལ་གསལ་འགྲེལ་བྱས་པ་དང་དུས་མཚུངས།དུས་རབས་ཀྱི་རྒྱབ་ལྗོངས་དང་རང་ངོས་ཀྱི་ཉམས་མྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རང་གྲོང་གི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་སྤེལ་རྒྱུར་བསམ་ཕྱོགས་ཁ་གསལ་དང་ཁ་ཕྱོགས་གསལ་སྟོན་བྱས་པ་རེད།

གསོ་སྦྱོང་ནང་ཞུགས་མཁན་ཆང་ཀྲེ་ཁྲའོ་ཡིས་ད་ཐེངས་ཀྱི་གསོ་སྦྱོང་ནི་རང་གྲོང་གི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་པའི་ཆབ་སྲིད་བྱང་ཚད་དང་ལས་སྒོའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་། ལས་ཀའི་བསམ་ཕྱོགས་སྔར་བས་གསལ་པོ་བཟོ་རྒྱུ། ཞན་ཆ་ཁ་གསབ་བཅས་བྱས་ཏེ་རང་གྲོང་གི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་པས་འགན་འཁྲི་སྔར་བས་ལེགས་པར་བསྒྲུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་པ་དང་།རང་གྲོང་གི་སྲིད་འཛིན་ཁྲིམས་འཛུགས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན།

ངས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ་དང་།རང་ངོས་ཀྱི་ལས་སྒོ་དང་ཟུང་འབྲེལ་བྱས་ནསསླད་ཕྱིན་ཁྲིམས་འཛུགས་ལས་དོན་སྔར་བས་ལེགས་པར་སྤེལ་བར་རྨང་གཞི་ཡག་པོ་འདིང་རྒྱུ་ཡིན་ཞེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181101.html 1 ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁྲིམས་འཛུགས་ཤེས་བྱའི་ གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ། /enpproperty-->