分享按钮

(པར་ངོས་དང་པོར་མཐུད)མཛའ་གྲོགས་དར་སྤེལ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་གཟི་བརྗིད་བསྣན་ནས་ཀྲུང་ཨུའི་མཛའ་གྲོགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་པ་ཐུན་མོང་ཐོག་གཏོད་དགོས་ཞེས་གསུངས་པ་རེད།

ཕུའུ་ཅིང་གིས་ཤིས་ཚིག་ནང་ཨུ་ཀྲུང་འབྲེལ་བའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གདེང་འཇོག་ལ་ངས་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ནི་སྤུན་ཟླ་དང་འདྲ་བའི་སྙིང་ཉེ་ཡིན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ལ་ཨུ་རུ་སུའི་མི་དམངས་ཀྱིས་སྙིང་ཐག་པ་ནས་དགའ་སྤྲོ་དང་ཡིད་སྨོན་བྱེད་ཀྱི་ཡོད། ཨུ་རུ་སུ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཕྱོགས་གཉིས་པོའི་འབྲེལ་བར་ཉམས་མྱོང་རྩ་ཆེན་མང་པོ་བསགས་ཡོད་པས་མིག་སྔར་ཕྱོགས་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་རེད། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཕན་ཚུན་ཡིད་ཆེས་ལ་གཞིགས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ།རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་བཅས་བཏོད་ཡོད། ཨུ་རུ་སུ་དང་ཀྲུང་གོས་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་ཀྲུང་ཨུའི་རིག་གནས་ལོའི་བྱེད་སྒོ་གཉེར་བར་མཚོན་བྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་།ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་བ།རྒྱལ་ཁབ་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་མཉམ་དུ་འཁྲབ་སྟོན་བྱས་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ལ་ཐུན་མོང་ཐོག་མྱོང་རོལ་གནང་བ་རེད།

ཀྲུང་ཨུའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་1000ཙམ་མཛད་སྒོར་ཞུགས་ཡོད་པ་རེད།

ཚའེ་ཆི་དང་།ཝང་དབྱི།ཁྲེན་དབྱི་ཆིན་སོགས་མཛད་སྒོར་ཞུགས་ཡོད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181099.html 1 /enpproperty-->