(པར་ངོས་དང་པོར་མཐུད)ཨ་རབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་མོས་པ་གཅིག་མཐུན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་།ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཕུན་སུམ་ཚོགས་པ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བཅས་ཐོབ་ཡོད། འབྱུང་འགྱུར་ལ་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཀྲུང་ཨའི་མཛའ་གྲོགས་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་རྒྱུ་དང་།ཆུ་ཚད་དེ་བས་མཐོ་བའི་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད། ཟླ་འདིའི་ཟླ་མཇུག་ཏུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཕྱོགས་གཉིས་པོས་པུའུ་ཀྲང་ཚོགས་འདུ་སྐབས་བཅུ་པ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུའི་རེ་བ་ཡོད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社