分享按钮

ཞི་ཅིན་ཕིང་གིས་སྐབས་33པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་པ་ལིན་རྒྱལ་པོ་ཧ་མ་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྐབས་33པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་མའེ་ན་མའེ་རུ་འཚོགས་པར་རྟེན་འབྲེལ་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ཨ་རབ་མནའ་འབྲེལ་གྱིས་ཨ་རབ་འཛམ་གླིང་མཉམ་འབྲེལ་རང་སྟོབས་ལ་ཡུན་རིང་སྐུལ་འདེད་བཏང་བ་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་།བརྟན་ལྷིང་།འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་།འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ཀྱི་མདུན་དུ་ཨ་རབ་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་མཐའ་འཁྱོངས་དང་། འཕེལ་རྒྱས་ལ་སྐུལ་འདེད། དྲང་གཞག་དྲང་བདེན་བརྟན་སྲུང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།མིག་སྔར་ཀྲུང་ཨའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། 2022ལོའི་ཟླ་12པར།ང་དང་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོར་ཞུགས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་དང་།དུས་རབས་གསར་པར་ཕྱོཊ་པའི་ཀྲུང་གོ་དང་།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181094.html 1 ཞི་ཅིན་ཕིང་གིས་སྐབས་33པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། /enpproperty-->