ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་16ཉིན་གྱི་སྔ་དྲོར།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་གཏོང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པར་ཞིབ་འཇུག་གནང་སྟེ་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་གནང་བ་དང་། ཚོགས་འདུའི་ཐོག་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ་དུས་བབ་ལ་དམ་འཛིན་ཡང་དག་དང་། གནད་དོན་ལ་ངོས་འཛིན་གསལ་པོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ལ་དམིཊ་པ།ཕན་ནུས་ལྡན་པའི་བྱེད་ཐབས་དེ་བས་མང་བ་འདོན་པ།སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་འདོན་པ་བཅས་བྱས་ནས་དུས་ཚིཊ་གཉིས་པར་ཕྱེད་བརྒལ་གཉིས་འགན་ལེན་བྱས་ཏེ་ལོ་ཧྲིལ་པོའི་དམིཊ་ཚད་དང་ལས་འགན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་མིང་ཀྲེ། ཧོ་ཕུང་། ལི་ཅང་ཤིན། ཀྲང་ཁྲུན་དབྱང་བཅས་ཚོགས་འདུར་ཞུགས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་བཏང་ནས་དོན་དངོས་ལ་གཞི་ཚུགས་པ་དང་།ཁྱོན་ཡོངས་ལ་དམིགས་ཏེ་གཞི་གྲངས་གསལ་པོ་ཤེས་པ་དང་བསམ་ཕྱོགས་གསལ་པོ་བཟོས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་གཅིག་མགྱོགས་མྱུར་འདོན་པ་དང་།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社