ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། བོད་ལྗོངས་རྟེན་མཛོད་ཁང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ། བོད་ལྗོངས་རིག་དངོས་གསལ་འབྱེད་ལྟེ་གནས། འབྲས་སྤུངས་དགོན། ར་མོ་ཆེ་གཙུག་ལག་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི“རིག་དངོས་རྟེན་མཛོད་འཆད་ཁྲིད་ཆེན་མོ”ལས་རིག་དངོས་འཆད་ཁྲིད་ཀྱི་བྱེད་སྒོ་དེ་ནོར་བུ་གླིང་གའི་དབུ་གཡབ་ཕོ་བྲང་དུ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། རིག་དངོས་རྟེན་མཛོད་ཀྱི་ཚན་པ་བརྒྱད་ཀྱི་རིག་དངོས་རྟེན་མཛོད་ཞིབ་འཇུག་གི་ཆེད་ལས་མཁས་པ་དྲུག་གིས་ཕོར་པ་དང་། གླེགས་ཤིང་། མིག་མངས། གསེར་གྱི་རྣ་ལོང་། དམ་བི་མཆུ་རིང་སོགས་རིག་དངོས་རྩ་ཆེན་15རེ་རེ་བཞིན་གསལ་འགྲེལ་བྱས་ཏེ། གྲོང་མི་དང་ཡུལ་སྐོར་བས་རིག་དངོས་རྒྱབ་ཀྱི་གཏམ་རྒྱུད་དང་། རིག་དངོས་ཀྱི་ལོ་རྒྱུས་རིན་ཐང་དང་། སྒྱུ་རྩལ་རིན་ཐང་། དངོས་ཡོད་རིན་ཐང་བཅས་སྔར་བས་ཤེས་རྟོགས་ཐུབ་ཡོད།
ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་འགྲེལ་བཤད་པ་ཁྲེན་ཉི་མས་ཆེད་ལས་མཁས་པས་འགྲེལ་བཤད་བརྒྱབ་པ་དེ་ནི་ཆ་ཚང་ལ་གོ་སླ་བ་ཞིག་འདུག རིག་དངོས་རྟེན་མཛོད་ལས་དོན་པ་ཞིག་ལ་ཆ་མཚོན་ན། རིག་དངོས་དེ་དག་སྲུང་སྐྱོང་ཡག་པོ་དང་། རིག་དངོས་དེ་དག་གི་རྒྱབ་ཀྱི་ལོ་རྒྱུས་ལེགས་པར་གླེང་བ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པ་བཅས་ཀྱི་འགན་འཁྲི་དང་འོས་འགན་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社