分享按钮

བདུན་གཅིག་སྡེ་ཁུལ་གྱིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཁྲེང་ཀོན་ཆུས་བདུན་གཅིག་སྡེ་ཁུལ་གྱིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། ཁྲོམ་གཞུང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ་ཡོངས། འགན་གཙང་ལེན་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་སྐྲུན་ཚན་པ། གྲོང་མིའི་འཐུས་མི་བཅས་ཁྱོན་མི་40ལྷག་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།

བདུན་གཅིག་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་32ཡོད་པ་དང་། སྒྲིག་ཆས་ཆ་ཚང་ཡོད་པས་བདུན་གཅིག་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་གྱི་གྲོང་མིར་ངལ་གསོ་དང་། དཔེ་ཀློག དྲ་ཞུགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ། བདུན་གཅིག་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་བཙུགས་པ་དེས་སྡེ་ཁུལ་གྱི་གྲོང་མིའི་རྒྱུན་གཏན་འཚོ་བར་སྟབས་བདེ་བསྐྲུན་ཡོད་པར་མ་ཟད། ད་དུང་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་དང་། ཁུལ་ཆུང་རང་སྐྱོང་། ཏང་དང་མང་ཚོགས་ཀྱི་དང་བླངས་ཞབས་ཞུ་རྒྱུན་གཏན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་ནས་ཏང་དང་མང་ཚོགས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་སྟེ་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

སླད་ཕྱིན་བདུན་གཅིག་སྡེ་ཁུལ་གྱིས་མུ་མཐུད་ཞབས་ཞུ་སྣ་ཚོགས་སྤེལ་ནས་གྲོང་མི་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”གི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 6 6 拉萨日报藏文 c181047.html 1 བདུན་གཅིག་སྡེ་ཁུལ་གྱིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ། /enpproperty-->