(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་ཡིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཡག་པོ་གཉེར་བ་ནི་ད་ལོ་ལྷ་ས་ནས་ཡུལ་ཁོངས་ཡུལ་སྐོར་གཏོད་པའི་དོན་ཆེན་ཨང་དང་པོ་དེ་ཡིན། སྒྲིག་འཛུགས་ཨུ་ལྷན་དང་རིམ་པ་ཁག་གི་འབྲེལ་ཡོད་ཚན་ཁག་གིས་ལས་ཀའི་འགན་འཁྲིའི་གནོན་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཞིབ་ཕྲའི་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲ་སྒྲིག་ལས་དོན་ཁག་གཏིང་ཟབ་དང་དོན་དངོས་ཐོག་འགྲུབ་ཐུབ་པའི་བྱེད་སྒོ་ལེགས་པར་སྒྲུབ་པ་དང་། ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ལྷ་ས་ཁྱོན་ཡོངས་ནས་ངོ་སྤྲོད་དང་། ཁྱོན་ཡོངས་ནས་དྲིལ་བསྒྲགས། ཁྱོན་ཡོངས་ནས་འོས་སྦྱོར་བཅས་བྱས་ཏེ“གངས་ལྗོངས་ཀྱི་གནའ་གྲོང་དང་གནས་མཆོག་ལྷ་ས”ཞེས་པའི་སྤུས་རྟགས་སྔར་བས་ལེགས་སུ་བཏང་ནས་འདུ་ཚོགས་ཤིག་ལེགས་པོ་གཉེར་བ་དང་། གྲོང་ཁྱེར་ཅིག་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས། འཕྲལ་སྡོམ་ཇུས་གཞི་ཞིབ་ཚགས་དང་ཡག་པོ་བསྒྲུབས་ཏེ་མི་སྣའི་བདེ་འཇགས་དང་། བྱེད་སྒོའི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“རྒྱུན་འཁྱོངས་དྲུག”གི་ཚན་རིག་དང་མཐུན་པའི་ཐབས་ལམ་ལ་དམ་འཛིན་ཡང་དག་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཞི་མཐུན་གྱིས་ཕྱུག་པའི་ས་མཐོའི་གྲོང་གསེབ་འཛུགས་སྐྲུན་དང་། མི་ཕྱུགས་ལོགས་དབྱེ། ཞིང་འབྲོག་མཉམ་ལས་ཁང་སྐྱེད་སྲིང་སོགས་ཀྱི་གཙོ་གནད་ལས་དོན་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་།མཛེས་པའི་འབྱུང་ཁམས་དང་། མཛེས་པའི་དཔལ་འབྱོར། མཛེས་པའི་འཚོ་བ་བཅས་མཉམ་འདྲེས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་དང་དུས་བཀག་ནང་བཅོས་སྒྲིག་བྱས་ནས་ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དངོས་དངོས་རྗེན་རྗེན་གྱིས་གནད་དོན་ཞིབ་བཤེར་དང་། ཕན་འབྲས་ལྡན་པའི་སྒོ་ནས་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社