(པར་ངོས་དང་པོར་མཐུད)འཁྲབ་སྟོན་ཧྲིལ་པོའི་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་ཟིན་ཡོད་པས་རེ་སྒུག་བྱེད་འོས་པ་ཞིག་ཡིན་ཅེས་བཤད།
2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི“གངས་ལྗོངས་ཀྱི་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་དེ་ནི་གླུ་གར་ལྟེ་བར་བྱས་ཏེ། འགོ་ཚུགས་འཁྲབ་སྟོན《མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག》དང་།《ཕུགས་འདུན་གྱིས་ཕྱུག་པའི་གནམ་མཚོ》སྟོད་ཆ། 《གླུ་གར་གྱི་ལྷ་ས》སྨད་ཆ། མཇུག་སྡུད་འཁྲབ་སྟོན《བཀྲ་ཤིས་བདེ་ལེགས》བཅས་ཁག་བཞི་ལས་གྲུབ་པ་ཞིག་རེད།ལྷ་སའི་དམངས་སྲོལ་རིག་གནས་སྔོག་འདོན་གང་ལེགས་བྱས་པ་བརྒྱུད།བོད་རིགས་ཀྱི་གླུ་གར་དང་སྲོལ་རྒྱུན་གྱི་གཞས་མ་གཏམ་སྒྱུ་རྩལ་སོགས་དེའི་ནང་འདྲེས་པར་བྱས་ཏེ། བརྙན་ལམ་ཐོག་ནས་རང་བྱུང་གི་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་མངོན་པར་བྱས་ཡོད་ལ། གར་སྟེགས་ཀྱི་བཀོད་སྒྲིག་དང་ཇུས་འགོད་ལེགས་སུ་བཏང་ནས་ལྟད་མོ་བ་ཚོར་ཡུལ་དངོས་ཀྱི་མྱོང་བ་ཟབ་མོ་ཞིག་ཀྱང་བཏོད་ཡོད། ཐུན་མོང་ཐོག་སྤྲོ་སྣང་དང་སེམས་འགུལ་ཐེབས་པའི་རྣམ་པ་ཞིག་བཏོད་ནས་མི་དེ་བས་མང་བས་ལྷ་སར་རྒྱུས་ལོན་དང་ལྷ་སར་དགའ་ཞེན་ཡོང་ཐུབ་པར་བྱས་ཏེ། གྲོང་ཁྱེར་དེའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་རིག་གནས་ཀྱི་ནང་དོན་ཚོར་ཐུབ་ཐབས་བྱས་ཡོད།
ཝུའེ་ཏུང་གིས་ལེའུ་དང་པོ་ནི་ཡུལ་སྐོར་གྱི་མཐོང་སྣེ་ནས་མངོན་པར་བྱས་ཡོད། དེའི་ནང་གནམ་མཚོའི་མཚན་ལྗོངས་དང་། ཉི་ཤར། སྐར་ཚོགས་བཅས་ཡོད་པ་དང་། དུས་མཚུངས《Welcome to Lhasa》ཞེས་པའི་གླུ་གཞས་དེའི་ཐོག་ནས་ལྷ་སའི་རིག་གནས་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི་གོ་དོན་ཡང་མཚོན་གྱི་ཡོད།གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་གོ་སྐབས་དང་བསྟུན་ནས་སྒོ་དབྱེའི་ལྷ་སས་ཡུལ་སྐོར་བ་དེ་བས་མང་བ་ལྟ་སྐོར་དུ་ཡོང་རྒྱུར་དགའ་བསུ་ཞུ་བ་མཚོན་པར་བྱས་ཡོད་ཅེས་བཤད།
ད་ཐེངས་ཀྱི་འཁྲབ་སྟོན་དེས་ལྷ་སའི་ལོ་རྒྱུས་རིག་གནས་དང་། རང་བྱུང་གི་ཡུལ་ལྗོངས། དམངས་སྲོལ་རིག་གནས་བཅས་གསར་རྩོམ་གྱི་ཁུངས་སྣེར་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་རྣམ་པ་བརྒྱུད། ལེ་ཚན་ཚང་མར་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད། ལྟད་མོ་བས་ལེ་ཚན་ལ་རོལ་མྱོང་བྱེད་པའི་བརྒྱུད་རིམ་ནང་། ལྷ་སའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社