ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ད་ལོའི་ཟླ་5ཚེས་20ཉིན་ནི“འཛམ་གླིང་ཚད་འཇལ་ཉིན་མོ”ཐེངས་25པ་དེ་ཡིན་པས་ཡུལ་སྐོར་ཁྲོམ་རའི་ཚད་འཇལ་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་དང་།ཁ་དན་ཚིག་གནས།བློ་བདེ་བའི་ཟོག་ཉོའི་ཁོར་ཡུག་ཅིག་བཅས་གཏོད་ཆེད། ཚེས་15ཉིན་གྱི་སྔ་དྲོ། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་སྐྱོང་ལྗོངས་ཚད་འཇལ་ཚད་ལེན་ཚོད་ལྟ་ཁང་དང་མཉམ་འབྲེལ་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་དམངས་འཚོའི་ཚད་འཇལ་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ལས་དོན་སྤེལ་བ་རེད།
ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་མི་སྣ་གཡུ་ཐོག་ལམ་དུ་ཕྱིན་ནས་གློག་གི་རྒྱ་མའི་ཚད་འཇལ་གནད་ལ་འཁེལ་མིན་དང་།གློག་གི་རྒྱ་མ་རང་དགར་བཅོས་པའི་སྣང་ཚུལ་ཡོད་མེད།དེ་བཞིན་དཔྱད་ཞིབ་གཏན་འཁེལ་བྱས་མེད་པའམ་ཡང་ན་དཔྱད་ཞིབ་གཏན་འཁེལ་བྱས་ཀྱང་ཚད་དང་མི་མཐུན་པའི་རྒྱ་མ་ཡོད་མེད་སོགས་ལ་ཞིབ་བཤེར་གཙོ་བོ་བྱས་པ་དང་།གློག་གི་རྒྱ་མའི་ཕྱི་ཚུལ་ལ་གཏོར་བཤིག་ཕོག་ཡོད་མེད་དང་།འཇོག་ས་བླང་བྱ་དང་མཐུན་མིན་ཐད་ལ་ཞིབ་ཕྲ་བལྟས་པར་མ་ཟད།ཚད་ལྡན་རྒྱ་རྡོ་སྤྱད་དེ་ཁྲོམ་རའི་ནང་གི་གློག་གི་རྒྱ་མར་ཚོད་ལྟ་བྱས་པ་རེད། དེ་དང་ཆབས་ཅིག་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་འཛད་སྤྱོད་པས་ཚད་འཇལ་ཡོ་བྱད་ཀྱི་ཡང་དག་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་བཏང་སྟེ་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
བྱེད་སྒོའི་ནང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཡུལ་སྐོར་ཁྲོམ་རའི་ཚོང་དུད་200ལྷག་ཙམ་གྱི་ཚད་འཇལ་ཡོ་བྱད་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་།ཚད་དང་མི་མཐུན་པའི་ཚད་འཇལ་ཡོ་བྱད་སྤྱོད་མཁན་གྱི་ཚོང་པར་བཅོས་སྒྲིག་བྱ་རྒྱུའི་བཀའ་བཏང་བ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社