(པར་ངོས་དང་པོར་མཐུད)མཐོ་རྒྱུགས་སོགས་ཡིག་རྒྱུགས་ཆེ་གྲས་བཞིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྙན་ཞུར་གསན་རྗེས།ཝང་མིང་ཀྲེས་རྒྱུགས་ལེན་དང་སློབ་མ་བསྡུ་བའི་ལས་དོན་དེ་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྩ་བའི་འཆར་གཞི་ཆེན་པོ་དང་སྤྱི་ཚོགས་བརྟན་ལྷིང་སོགས་ཁྱོན་ཡོངས་དང་འབྲེལ་བ་ཡོད་ལ། ཏང་ཀྲུང་དབྱང་གིས་དོ་ཁུར་དང་། སྤྱི་ཚོགས་ཀྱིས་དོ་ཁུར། མང་ཚོགས་ཀྱིས་དོ་ཁུར་བཅས་བྱེད་བཞིན་ཡོད་པས་འདི་ལོའི་སློབ་གསོའི་རྒྱུགས་ལེན་ལས་དོན་ཁག་ཏན་ཏིག་གིས་སྒྲུབ་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་། ལས་འགན་གཟི་བརྗིད་ལྡན་པ། འགན་འཁྲི་གལ་ཆེན་བཅས་ཡིན་ཞེས་གསུངས་པ་རེད།
ཝང་མིང་ཀྲེས་བསམ་བློ་གཅིག་གྱུར་བྱས་ནས་སློབ་བསྡུའི་རྒྱུགས་ལེན་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཚན་པ་ཁག་གིས་མཐོ་རྒྱུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འགན་འཁྲི་སྒྲུབ་པ་དང་། ལས་དོན་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་རྒྱུགས་ལེན་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོ་འཁུར་དགོས། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཚད་གཞི་ནན་ཤོས་ཀྱི་ཐོག་ནས་ཚོགས་ཆུང་རྒྱུགས་ལེན་གྱི་བདེ་འཇགས་འགན་ལེན་དང་གོ་རིམ་ནན་ཤོས་ཀྱི་ཐོག་ནས་རྒྱུགས་སྤྲོད་སློབ་མའི་བདེ་འཇགས་འགན་ལེན་བྱས་ཏེ་རྒྱུགས་ལེན་བདེ་འཇགས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བར་བྱེད་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་མ་བསྡུ་བའི་རྒྱུགས་ལེན་གྱི་བདེ་འཇགས་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབ་དགོས། མཐུན་སྦྱོར་མཉམ་འགུལ་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།སློབ་བསྡུའི་ལས་ཀའི་སྒྲིག་ཁྲིམས་ནན་པོར་སྲུང་བ། རྒྱུགས་ལེན་སློབ་བསྡུའི་དྲིལ་བསྒྲགས་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་མིང་ཀྲེས་རྒྱུགས་ལེན་བདེ་འཇགས་ནི་སློབ་བསྡུའི་རྒྱུགས་ལེན་ལས་དོན་གྱི་སྲོག་རྩ་དང་རྒྱུགས་ལེན་དྲང་གཞག་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྲུང་སྐྱོང་བྱེད་པའི་གཞི་རྩའི་བླང་བྱ་ཞིག་ཡིན། “རྒྱུགས་ལེན་ཆེ་གྲས་བཞིའི”ལས་དོན་གཉེར་ཉེར་ཡོད་པས་འབྲེལ་ཡོད་ཚན་པ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་ལས་དོན་གྱི་རྣམ་པ་དང་། ལས་དོན་གྱི་ཚད་གཞི། ལས་དོན་གྱི་བྱེད་ཐབས་བཅས་བཏོན་ནས་ལས་དོན་ཁག་སྔར་བས་གཏིང་ཟབ་དང་། ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ་རང་གྲོང་གི་2024ལོའི་ལོ་འཁོར་གྱི“རྒྱུགས་ལེན་ཆེ་གྲས་བཞི”བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་མཐའ་གཅིག་ཏུ་བྱ་དགོས་པའི་ནན་གསུངས་གནང་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བུ་ཆུང་གིས་ལྷ་སའི་མཐོ་རྒྱུགས་སྤྲོད་ཡུལ་གྱི་རྒྱུགས་ལེན་འཐུས་མིར་གདན་ཞུའི་ཡི་གེ་སྤྲད་པ་རེད། གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཁོངས་གཏོགས་སྡེ་ཚན་ཁག་དང་རྫོང(ཆུས)ཁག་གི་སློབ་གསོའི་འགན་ཁུར་བའི་རྫོང(ཆུས)དཔོན་གཞོན་པ་དང་རྫོང(ཆུས)ཁག་གི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཚོགས་འདུར་ཞུཊ་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社