分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གྲ་སྒྲིག་སྙན་ཞུར་གསན་ནས་སླད་ཕྱིན་གྱི་ལས་དོན་ཐད་བཀོད་སྒྲིག་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་དང་འཕྲིན་ལན་གྱི་དགོངས་དོན། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བར་མ་ཟད། རང་གྲོང་གི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཐད་ཞིབ་འཇུག་གནང་ཞིང་། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གྲ་སྒྲིག་སྙན་ཞུར་གསན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཡི་འབྲེལ་ཡོད་མཛུབ་སྟོན་རེ་ཞུའི་དོན་ཚན་ལ་ཞིབ་འཇུག་གནང་ནས་སླད་ཕྱིན་གྱི་ལས་དོན་ཐད་བཀོད་སྒྲིག་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་མི་ལ་སློབ་གསོ་གཏོང་སྐབས་སྔོན་ལ་མི་སེམས་སྐྱོང་དགོས། རིམ་ཁག་སློབ་གསོའི་སྡེ་ཚན་སློབ་གྲྭའི་སྤྱི་ཁྱབ་ཧྲུའུ་ཅིས་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་ཚན་དེ“ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི”རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་འགག་རྩའི་སློབ་ཚན་དུ་བརྩིས་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་དྲག་ཆས་སྤྲོས་པ་དང་དུས་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་།“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོར”བརྟེན་ཏེ་ཁྱོན་ཡོངས་ནས་མི་གསོ་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱ་བསྐྱེད་གཏོང་དགོས། སློབ་གྲྭའི་བདེ་འཇཊ་དོ་དམ་ལ་སྔར་བས་ཤུཊ་སྣོན་རྒྱག་པ་དང་། མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བྱེད་ཤུཊ་ཆེ་རུ་བཏང་ནས་བདེ་འཇཊ་འགོག་སྲུང་གི་འཛིང་རཊ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་འགན་ནུས་སྔར་བས་འདོན་སྤེལ་བྱས་ནས་རྒྱ་ཆེའི་ལས་བཟོ་བ་དང་གཞོན་ནུ་རྣམས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུར་སྟེགས་བུ་ཡག་པོ་བསྐྲུན་ནས་གོ་སྐབས་ཡག་པོ་གཏོད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་མང་ཚོགས་ཚོགས་པའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྱོགས་ཡག་པོ་སྟོན་པ་དང་། ལམ་སྲོལ་ཡག་པོ་འཛུགས་པ། དཔུང་ཁག་གི་སྣེ་ཡག་པོ་འཁྲིད་པ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ལས་དོན་སྤེལ་བར་རྒྱབ་སྐྱོར་སྔར་ལས་མང་བ་དང་ཆ་རྐྱེན་སྔར་ལས་ལེགས་པ་བསྐྲུན་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་རིམ་ཁག་སྡེ་ཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་མེ་ཏའེ་ལེ་ཝོ་ཀང་བཟོ་གྲྭའི་ལས་བཟོ་བར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་སྒུལ་ཤུགས་སུ་བྱས་ནས“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་།ཕྱི་ཕྱོགས་མཉམ་ལས་སྔར་བས་ཏན་ཏིག་ངང་དམ་འཛིན་དང་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་ལས་སྔར་བས་སྟོབས་ཆེར་གཏོང་བ། དམངས་ཁྲོད་སྤེལ་རེས་སྔར་བས་གསོན་ཉམས་དོད་པོ་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་པའི་སྣེ་ཁྲིད་དེ་རྟོག་ཞིབ་གནང་རིང་གནང་བའི་མཛུབ་སྟོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམས་སྟོན་བྱེད་དགོས། བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཚུགས་ས་དང་སྟོབས་ཤུགས་འདོན་ས་སྔར་བས་ཡང་དག་བཙལ་ཏེ་བྱེད་ཐབས་གསར་པ་དེ་བས་མང་བ་ཇུས་འགོད་དང་གྲུབ་འབྲས་གསར་པ་དེ་བས་མང་བ་མངོན་པར་བྱེད་དགོས་པ་དང་།དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་ནན་གསུངས་གནང་བ་རེད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། 6 6 拉萨日报藏文 c181033.html 1 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་གྱི་གྲ་སྒྲིག་སྙན་ཞུར་གསན་ནས་སླད་ཕྱིན་གྱི་ལས་དོན་ཐད་བཀོད་སྒྲིག་གནང་བ། /enpproperty-->