འཕྲིན་ལན།
པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་པ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་ཡུལ་མི་ཚོ།
སྐུ་ཁམས་བཟང་།ཁྱེད་ཚོས་སྤྲིངས་པའི་འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་ལོ་འདི་དག་རིང་རང་འགུལ་ངང་ལྕགས་རི་རིང་པོར་སྲུང་སྐྱོང་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱས་པར་མ་ཟད། ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དེར་ང་རང་ཧ་ཅང་དགའ་པོ་བྱུང་།
ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཐུས་ཚབ་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་རྟགས་མཚན་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་ཀྱི་སྙིང་སྟོབས་དང་ཀུན་སེམས་གཅིག་མཐུན་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་འདུས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་འདི་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། ཚང་མས་མུ་མཐུད་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱས་ནས་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་ལྟར་ལྕགས་རི་རིང་པོར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ལྕགས་རི་རིང་པོའི་རིག་གནས་དར་སྤེལ་དང་ལྕགས་རི་རིང་པོའི་གཏམ་རྒྱུད་ཡག་པོ་བརྗོད་དེ། མི་དེ་བས་མང་བས་ལྕགས་རི་རིང་པོར་ཤེས་རྟོགས་དང་ལྕགས་རི་རིང་པོར་སྲུང་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། མེས་པོས་བཞག་པའི་རྩ་ཆེའི་རྒྱུ་ནོར་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ཚང་མའི་འཚོ་བ་སྔར་ལས་དར་རྒྱས་ཡོང་བའི་སྨོན་འདུན་ཞུ།
ཞི་ཅིན་ཕིང་གིས།
2024ལོའི་ཟླ་5ཚེས་14ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་5ཚེས་14ཉིན་པེ་ཅིང་གྲོང་ཁྱེར་ཡན་ཆིང་ཆུས་པ་ཏ་ལིང་གྲོང་རྡལ་ཧྲི་ཞ་གྲོང་ཚོའི་གྲོང་མི་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་ཐུགས་རེ་ཡང་ནན་པོ་བཅོལ་ཡོད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་ཚོས་ལོ་འདི་དག་རིང་རང་འགུལ་ངང་ལྕགས་རི་རིང་པོར་སྲུང་སྐྱོང་དང་ལྕགས་རི་རིང་པོའི་རིག་གནས་རྒྱུན་འཛིན་བྱས་པར་མ་ཟད། ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དེར་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཐུས་ཚབ་རང་བཞིན་གྱི་མཚོན་རྟགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་རྟགས་མཚན་གལ་ཆེན་ཞིག་ཡིན་པ་དང་། དེར་ཀྲུང་ཧྭ་མི་རིགས་ཀྱི་ཡར་ཐོན་ལྷུར་ལེན་གྱི་འབད་འཐབ་ཀྱི་སྙིང་སྟོབས་དང་ཀུན་སེམས་གཅིག་མཐུན་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་འདུས་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་འདི་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། ཚང་མས་མུ་མཐུད་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱས་ནས་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་ལྟར་ལྕགས་རི་རིང་པོར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社