分享按钮

ལྷ་ས་གྲོང་ཁྱེར་གྱི་སློབ་བསྡུའི་རྒྱུགས་ལེན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

ཝང་མིང་ཀྲེ་ཡིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་སློབ་བསྡུའི་རྒྱུགས་ལེན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།མཐོ་རྒྱུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ།རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་མཐོ་སློབ་དཀྱུས་མར་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་བཅས་བྱས་ཏེ།མིག་སྔའི་དུས་སྐབས་ཀྱི་སློབ་མ་བསྡུ་བའི་ཡིག་རྒྱུགས་ཀྱི་བདེ་འཇགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་བྱས་པ་དང་འབྲེལ་སློབ་མ་བསྡུ་བའི་ཡིག་རྒྱུགས་བདེ་འཇགས་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བསྐྱར་དུ་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་མིང་ཀྲེ་ཚོཊ་འདུར་ཞུཊ་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཁོངས་གཏོཊ་ཚན་པ་ཁག་གིས། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 ཝང་མིང་ཀྲེ་ཡིས་གསུང་བཤད་གནང་བ། 6 6 拉萨日报藏文 c181032.html 1 ལྷ་ས་གྲོང་ཁྱེར་གྱི་སློབ་བསྡུའི་རྒྱུགས་ལེན་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ། /enpproperty-->