分享按钮

ལྷུན་གྲུབ་རྫོང་ཐང་མགོ་ཤང་གིས་གཅིག་སྡུད་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་ཐང་མགོ་ཤང་གིས་གཅིག་སྡུད་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ཚོགས་འདུ་འཚོགས་ཤིང་། མང་ཚོགས་69ཡིས་བདེ་བླག་ངང་དུས་ཡུན་རིང་པོར་འགྱངས་ཆད་བྱས་པའི་གླ་ཕོགས་བླངས་པ་རེད།

ཐང་མགོ་ཤང་ཏང་ཨུད་དང་སྲིད་གཞུང་གིས“དོན་དག་ཆུང་ཆུང་གྲོང་ཚོ་ཡིས་ཐག་གཅོད་ཐུབ་པ་དང་། དོན་ཆེན་ཤང་གིས་ཐག་གཅོད་ཐུབ་པ། འགལ་བ་གོང་འབུལ་བྱེད་མི་དགོས་པ”བཅས་ལས་ཀའི་དམིགས་ཚད་དུ་བཟུང་ནས་ཤང་མངགས་གཏོང་ཁང་དང་། ཁྲིམས་འཛིན་ཁང་། མངགས་གཏོང་ཁྲིམས་ར། ཐང་མགོ་གྲོང་མི་ཨུ་ཡོན་ལྷན་ཁང་སོཊ་འགན་ནུས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་ད་ཐེངས་ཐང་མགོ་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ཀྱི་ཞིང་འབྲོག་པའི་གླ་ཕོགས་འགྱངས་ཆད་བྱས་པའི་རྩོད་གཞི་འདུམ་འགྲིག་བྱས་པ་དང་སྦྲགས།མང་ཚོགས་69ཡིས་བདེ་བླག་ངང་དུས་ཡུན་རིང་པོར་འགྱངས་ཆད་བྱས་པའི་གླ་ཕོགས་སྒོར་209028བླངས་པ་རེད།

གཅིག་སྡུད་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ཚོགས་འདུའི་ཐོག་གླ་ཕོགས་འགྱངས་ཆད་བྱས་པའི་ཞིང་པ་ལས་མི་སྔ་ས་ནས་ཡུལ་དངོས་སུ་ཡོང་སྟེ་གླ་ཕོགས་ལེན་པར་བསྒུག་ནས་བསྡད་ཡོད། ཡུལ་དངོས་སུ་ཤང་དེའི་ལས་དོན་མི་སྣས་མིང་ཐོ་འགོད་པ་དང་དེ་བཞིན་གླ་ཕོགས་ལེན་པའི་བརྒྱུད་རིམ་གཞིར་བཟུང་།ཞིང་པ་ལས་མིར་འགྱངས་ཆད་བྱས་པའི་གླ་ཕོགས་རེ་རེ་བཞིན་སྤྲོད་ཀྱི་ཡོད་པ་རེད། ཤེས་རྟོཊ་བྱུང་བར་གཞིགས་ན། དེའི་གོང་ཐང་མགོ་ཤང་དང་འབྲེལ་ཡོད་ཚན་པ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་དང་ཆ་འཕྲིན་སྤེལ་རེས་བྱས་ནས་རྣམ་གྲངས་ཨར་ལས་བྱེད་མཁན་དང་མང་ཚོགས་ཀྱི་འཐུས་མིའི་དབར་འབྲེལ་གཏུག་མཐུན་སྦྱོར་བྱས་པ་དང་སྦྲགས།ཡུལ་དངོས་སུ་ཁ་ཏ་བསླབ་བྱ་ཐེངས་མང་བྱས་པ་རེད། མི་དམངས་འདུམ་འགྲིག་དང་། སྲིད་འཛིན་འདུམ་འགྲིག ཁྲིམས་འཛིན་ཁས་ལེན་སོགས་ཀྱི་གོ་རིམ་བརྒྱུད་རྗེས། མཐར་ཕྱོཊ་གཉིས་པོས་གྲོས་མཐུན་བཞག་ནས་ད་ཐེངས་ཀྱི་ངལ་རྩོལ་པ་དང་མ་རྩ་ཅན་གྱི་རྩོད་གཞི་ཐག་གཅོད་འོས་འཚམ་བྱུང་བ་རེད།

གཅིག་སྡུད་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པ་ནི་ཐང་མགོ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཞིང་པ་ལས་མིའི་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱས་པ་ཞིག་རེད། བྱ་ཐབས་དེས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པར་མ་ཟད། སྲིད་གཞུང་གིས་རང་ཉིད་ལ“རྒྱབ་སྐྱོར”བྱེད་པའི་བདེ་སྣང་དང་། སྐྱིད་སྣང་ཟབ་མོ་བྱུང་ཞིང་། སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་།མང་ཚོགས་དང་སྲིད་གཞུང་དབར་གྱི་བར་ཐག་ཉེ་རུ་ཕྱིན་པ། ཐང་མགོའི་འཛུགས་སྐྲུན་ལ་བདེ་འཇགས་ངང་སྐུལ་འདེད་བརྟན་པོ་གཏོང་བར་འགན་ལེན་ནུས་ལྡན་བྱས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180943.html 1 ལྷུན་གྲུབ་རྫོང་ཐང་མགོ་ཤང་གིས་གཅིག་སྡུད་ཐོག་ཞིང་པ་ལས་མིའི་གླ་ཕོགས་སྤྲད་པ། /enpproperty-->