ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྤྱི་ཕན་བརྡ་ཁྱབ་ནི་གྲོང་ཁྱེར་གྱི་ཤེས་དཔལ་གྱི་རྣམ་པ་མངོན་པའི་ཕྱི་ཕྱོགས་ཀྱི་སྐར་ཁུང་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། ཉེ་ཆར། གསར་འགོད་པར་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ལས་དོན་མི་སྣའི་རྗེས་སུ་འབྲངས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལམ་དུམ་ཁག་གཅིག་ལ་སྐབས་བསྟུན་འཚམས་འདྲི་བྱེད་སྐབས། གང་སར་སྤྱི་ཕན་བརྡ་ཁྱབ་སྦྱར་ཡོད་མོད། འོན་ཀྱང་རྙིང་པ་ཆགས་པ་དང་། ཚོས་གཞི་འགྱུར་བ། སྐྱོན་ཤོར་བ་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་ཡོད་པ་ཤེས་རྟོགས་བྱུང་ཡོད།
སྟོད་ལུང་ལམ་ཆེན་གྱི་རྡོ་སྣུམ་སྣུམ་སྣོན་ས་ཚིགས་སུ་གསར་འགོད་པར་གཡས་ཕྱོགས་ཀྱི་འཛུགས་སྐྲུན་གྱང་ངོས་སུ་རིང་ཚད་ལ་སྨི་བརྒྱ་ཙམ་ཡོད་པའི་སྤྱི་ཕན་བརྡ་ཁྱབ་ཞིག་སྦྱར་ཡོད་པ་ཤེས་རྟོགས་བྱུང་ཡོད་མོད། འོན་ཀྱང་གྱང་ངོས་ཀྱི་སྦྱར་ཡིག་གི་ཚོས་གཞི་འགྱུར་ཚབས་ཆེ་བ་དང་རྙིང་པ་ཆགས་ཡོད་པ། དེ་དང་འདྲ་བར་སྟོད་ལུང་བདེ་ཆེན་ཆུས་གཙང་འགྲམ་ལམ་དང་གདོང་དཀར་ཤར་ལམ་སོགས་ཀྱི་འགྲོ་ལམ་གཡས་གཡོན་དུ་སྤྱི་ཕན་བརྡ་ཁྱབ་དང་རིག་གནས་གྱང་རྙིང་ཧྲུལ་ཆགས་པ་དང་སྐྱོན་ཤོར་བའི་སྣང་ཚུལ་ཐོན་ཡོད་པ་རེད།
གཞན་ཡང་། ཡབ་མདའ་བཟོ་ལས་གླིང་ཁུལ་ས་ཚིགས་ཀྱི་ཉེ་འགྲམ་དུ་གསར་འགོད་པར་མི་བགྲོད་གཞུང་ལམ་ཐོག་སོ་ཕག་དང་ས་ཕུང་སོགས་འཛུགས་སྐྲུན་གད་སྙིགས་འབོར་ཆེན་སྤུངས་ཡོད་པ་ཤེས་རྟོགས་བྱུང་ཡོད། སྟོད་ལུང་ལམ་ཆེན་བརྒྱུད་ནས་ཤར་ཕྱོགས་སུ་སྐྱོད་སྐབས་འཛུགས་སྐྲུན་གད་སྙིགས་གང་སར་སྤུངས་ཡོད་པས་གྲོང་མིའི་རྒྱུན་གཏན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།
འདིར་འབྲེལ་ཡོད་སྡེ་ཚན་ཁག་གིས་བྱེད་པོའི་འགན་འཁྲི་དམ་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་བྱ་ཐབས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གཙང་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས་པ་དང་། ཐེར་འདོན་སྟེགས་བུས་མང་ཚོགས་ཀྱིས་གཅིག་སྡུད་ཐོག་བཏོན་པའི་གནད་དོན་ལ་དམིཊ་ཏེ། ཤེས་དཔལ་མིན་པའི་སྣང་ཚུལ་ཡོངས་བསྒྲགས་ངང་ཐེར་འདོན་བྱ་རྒྱུ་ཡིན་ལ། གྲོང་མི་མང་ཚོགས་ཀྱིས་ཀྱང་ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་གི་ཡིག་སྒམ་ls_bwmxwbg@126.comབརྒྱུད་ཐེར་འདོན་བྱེད་ཆོག་གི་ཡོད་ཅེས་འབོད་སྐུལ་བྱས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社