ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་13ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོཊ་བྱས་པར་གཞིགས་ན། གཟའ་འཁོར་གོང་མར་རང་གྲོང་དུ་ཆར་ཆུ་འབབ་ཚད་ཅུང་མང་ཞིང་།ཆུ་ཤུར་རྫོང་དང་སྙེ་མོ་རྫོང་སོགས་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཆར་ཆུ་བབས་ཚད་ཅུང་ཆེ་བ་དང་གཟའ་འཁོར་འདིའི་ནང་ཁུལ་དུ་དྲོད་ཚད་འཕར་ཆག་ཆེན་པོ་ཡོད། གཟའ་འཁོར་རེའི་ཆར་ཆུ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་སྙེ་མོ་རྫོང་དང་། ཆུ་ཤུར་རྫོང་། འདམ་གཞུང་རྫོང་བཅས་སུ་མང་ཙམ་ཡོད་པ་དང་དེ་བྱིངས་ས་ཁུལ་དུ་ཉུང་ཙམ་ཡོད། གཟའ་འཁོར་གྱི་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་རང་གྲོང་གི་ས་ཆ་མང་ཆེ་བར་ཧྲེ་ཧྲི་ཏུའུ་2ནས་4བར་དམའ་བ་ཡོད།
སྔོན་དཔག་ལྟར་ན་གཟའ་འཁོར་འདིའི་ནང་རང་གྲོང་གི་དུས་མཚམས་མང་ཆེ་བར་སྤྲིན་པ་མང་བའི་གནམ་གཤིས་གཙོ་བོར་སྟོན་རྒྱུ་ཡིན་པ་དང་གཟའ་འཁོར་གོང་མའི་དུས་དཀྱིལ་དུ་ས་ཆ་ཁག་གཅིག་ཏུ་ཆར་ཆུ་འབབ་པའི་གནམ་གཤིས་བསྟན་ཡོད་མོད།འོན་ཀྱང་ཤུཊ་ཚད་ཅུང་ཞན་པོ་ཡོད། ཕྱི་དྲོར་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷག་པ་རིམ་པ་4ཡས་མས་བརྒྱབ་པ་དང་ས་བབ་མཐོ་བའི་ས་ཁུལ་དུ་ལྷག་པ་རིམ་པ་7ཡས་མས་བརྒྱབ་ཡོད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་མིག་དམར་བར་ས་གནས་ཁག་ཏུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་སྟོན་རྒྱུ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་ཁུལ་དུ་གངས་མ་ཆར་འབབ་རྒྱུ། གཟའ་ལྷག་པ་ནས་གཟའ་པ་སངས་བར་རང་གྲོང་དུ་སྤྲིན་པ་མང་པོ་འཁོར་ཞིང་གནམ་འཐིབས་རྒྱུ། ས་ཆ་ཁ་ཤས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། རྫོང(ཆུས)ཁག་ཏུ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིར་གྲོང་ཁྱེར་གྱི་ཞིང་ཁུལ་གཙོ་བོར་ཆར་ཆུ་འབབ་ཚད་ཅུང་ཉུང་བས་ཞིང་ཁའི་དོ་དམ་ལས་དོན་ལ་ཤུཊ་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད། ཕྱི་དྲོ་ནས་མཚན་མོའི་བར་འབྲུག་ཆར་དང་ལྷག་པ་ཆེན་པོ་རྒྱག་རྒྱུ་དང་།དུས་ཐུང་ནང་སེར་བ་དང་ཆར་ཆུ་དྲག་པོ་སོཊ་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་འབྱུང་སླ་བས་དོགས་ཟོན་བྱེད་དགོས།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社