分享按钮

2024ལོའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཊ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུཊ་པ།

(པར་ངོས་དང་པོར་མཐུད)ཚང་མ་བྱེད་སྒོའི་ནང་ཞུགས་པ་བརྒྱུད། 《དམངས་དོན་ཁྲིམས་གཞུང》གི་ནང་དོན་དང་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱུང་ཡོད་ལ་བཅའ་ཁྲིམས་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཇི་ལྟར་བྱེད་དགོས་པའང་སྔར་བས་ཤེས་རྟོགས་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

གྲོང་མི་ཚེ་ལྷ་ཡིས་ངས་སྤྱི་གླིང་དུ་སྦྱོང་བརྡར་བྱེད་སྐབས་དེ་རུ་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་མཐོང་བྱུང་། 《དམངས་དོན་ཁྲིམས་གཞུང》ནི་ང་ཚོ་མི་ཚང་མའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་དུས་རྒྱུན་དུ་ནན་གྱིས་སློབ་སྦྱོང་བྱ་དགོས་པ་ཞིག་ཡིན། དེ་རིང་ངས་བཅའ་ཁྲིམས་དྲིལ་བསྒྲགས་དཔྱད་ཡིག་མང་པོ་བླངས་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད། ཚང་མས་བཅའ་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས་ཞེས་བཤད་པ་རེད།

གྲོང་མི་ཝུའུ་ལགས་ཀྱིས《དམངས་དོན་ཁྲིམས་གཞུང》དྲིལ་བསྒྲགས་ཀྱི་བྱེད་སྒོ་བརྒྱུད་ནས་ངའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་མང་པོ་ཞིག་ཤེས་སོང་། སླད་ཕྱིན་ངས་རྟག་ཏུ《དམངས་དོན་ཁྲིམས་གཞུང》ལ་སློབ་སྦྱོང་བྱས་ནས་གནད་དོན་འཕྲད་སྐབས་བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་མཛེས་པའི་འཚོ་བ་དམངས་དོན་ཁྲིམས་གཞུང་དང་འགྲོགས་ཞེས་པའི་བྱེད་སྒོ་བརྒྱུད་ནས་གྲོང་མི་མང་ཚོགས་ཀྱིས《དམངས་དོན་ཁྲིམས་གཞུང》གི་ནུས་པ་གལ་ཆེན་ཤེས་རྟོགས་ཐུབ་པ་དང་དུས་མཚུངས་ཚང་མར་བཅའ་ཁྲིམས་སློབ་སྦྱོང་དང་། བཅའ་ཁྲིམས་ལ་བརྩི་སྲུང་། བཅའ་ཁྲིམས་བེད་སྤྱོད་བཅས་ཀྱི་སྤྲོ་སེམས་དང་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཐུབ་ནས《དམངས་དོན་ཁྲིམས་གཞུང》ལ་སློབ་སྦྱོང་དང་དེ་བེད་སྤྱོད་ཡག་པོ་བྱས་ནས་ཁྲིམས་ལུགས་ཤེས་པ་དང་བཅའ་ཁྲིམས་ལ་སྲུང་སྐྱོང་བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་པར་ཁྲིད་སྟོན་བྱས་ཡོད།

ཕྱིས་འབྱུང་།རང་གྲོང་གིས་ད་དུང་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་དང་ཐབས་ལམ་སྣ་ཚོགས་བརྒྱུད་ནས《དམངས་དོན་ཁྲིམས་གཞུང》དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ《དམངས་དོན་ཁྲིམས་གཞུང》གི་དགོངས་དོན་མི་སེམས་སུ་འཇགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དང་བཅའ་ཁྲིམས་བཅོས་སྐྱོང་ཁོའོ་ཡི་ཁོའོ་ཀྲང་སྤེན་པ་སྒྲོལ་མས་2024ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་དེ་ཡིན་ཞིང་། ང་ཚོས་དེ་རིང་འདི་གར་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཊ་ཟླ་བའི་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་དེ་ནི་རྒྱ་ཆེའི་མང་ཚོགས་ཀྱིས་དོན་དག་འཕྲད་སྐབས་ཁྲིམས་ཁུངས་འཚོལ་རྒྱུ་དང་། ལས་དོན་སྒྲུབ་སྐབས་བཅའ་ཁྲིམས་ལ་བརྟེན་རྒྱུ། སྤྱི་ཚོགས་ཡོངས་སུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180940.html 1 2024ལོའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཊ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུཊ་པ། /enpproperty-->