分享按钮

(པར་ངོས་གཉིས་པར་མཐུད)མཐུན་ཚོགས་ཀྱི་ཚན་པ་8ཀྱི་ཐོན་རྫས་རིགས་40འཚོང་བཞིན་ཡོད།“སྙེ་མོའི་གཟིམ་སྤོས”ཀྱིས“དུད་ཚང་གཅིག་ལ་སྐུལ་ཁྲིད་དང་། དུད་ཚང་གཅིག་ཕྱུག་པོར་གྱུར་བ། ཕྱོགས་གཅིག་ལ་ཁྱབ་འགྱེད་གཏོང་བ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གྲགས་རྟགས་ཀྱི་ནུས་པས་ཐོན་སའི་ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ནུས་པ་ཐོན་ཡོད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཤེས་བྱའི་ཐོན་དབང་དང་བརྡ་ཁྱབ་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་རིན་ཆེན་གྱིས་ཐེངས་འདིའི་གསོ་སྦྱོང་གིས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཞིང་། མཐུན་ཚོགས་ཀྱི་ཚན་པ་15དང་ཚོང་རྟགས་ཀྱི་དབང་ཆ་སྤྲོད་ལེན་བྱེད་པའི་གན་རྒྱ་བཞག་པ་དང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་རྟགས་གྲགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། སྙེ་མོའི་གཟིམ་སྤོས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུཊ་གསར་པ་བསྣན་ནས་སྤུས་རྟགས་འཛུཊ་སྐྱོང་གི་ཚད་གཞི་གསར་པ་བཏོད་ཡོད་ཅིང་། ཕྱིས་འབྱུང་གཟིམ་སྤོས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་ལྷ་ས་དང་བོད་ལྗོངས་ཀྱི་ཁྱད་འཕགས་མིང་བྱང་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180939.html 1 /enpproperty-->