(པར་ངོས་གཉིས་པར་མཐུད)གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་ཐེབས་རྒྱུ་རེད།
གུང་ཐང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ངག་དབང་བློ་བཟང་གིས་གུང་ཐང་གྲོང་ཚོའི་སྡེ་ཁུལ་གྱི་ཟ་ཁང་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཚལ་གྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁྲོམ་རའི་རིན་གོང་ལས་དེ་བས་དམའ་བའི་རང་འདེམས་ཟ་ཁང་གི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་སྦྲགས། ཁོངས་གཏོགས་ཁུལ་གྱི“རྒན་རྒོན་གཅིག་དང་ཕྲུ་གུ་གཅིག”ལ་ཞབས་འདེགས་ཞུ་རྒྱུ་གཙོ་གནད་དུ་བཟུང་ནས་ཞབས་ཞུ་བྱེད་པ་མ་ཟད། ད་དུང་མི་ཧྲེང་རྒན་རྒོན་དང་། དབང་པོ་སྐྱོན་ཅན། འགན་ལེན་ལྔའི་དུད་ཚང་སོགས་ལ་རིན་མེད་ངང་ལྟོ་ཆས་སྒོ་རྩར་སྐྱེལ་བའི་ཞབས་ཞུ་བསྒྲུབས་ཀྱི་ཡོད་ཅེས་བཤད།
སྡེ་ཁུལ་གྱི་ཟ་ཁང་བཙུགས་པ་དེས་གྲོང་མིའི་འཚོ་བར་སྟབས་བདེ་སྐྲུན་ཞིང་། སྡེ་ཁུལ་གྱི་གྲོང་མི་དང་ཁོར་ཡུག་འཕྲོད་བསྟེན་བཟོ་པ་སོགས་ལ་གོང་ཁེ་དང་སྟབས་བདེའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་མཁོ་འདོན་བྱས་པ་མ་ཟད། ད་དུང་ལོ་70ཡན་གྱི་རྒན་རྒོན་ལ་རིན་མེད་ཟ་མ་མཁོ་འདོན་བྱས་པས་ཁོང་ཚོའི་འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་གཏོང་ཐུབ་ངེས་རེད། སྡེ་ཁུལ་ཟ་ཁང་ལས་གཉེར་བྱས་པ་དེས་གྲོང་མིའི་སྤེལ་རེས་དང་མཉམ་འགུལ་གྱི་གནས་ཡུལ་གསར་པ་ཞིག་མང་དུ་ཕྱིན་པ་དང་། ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་པ། འཆམ་མཐུན་སྡེ་ཁུལ་གྱི་རྣམ་པ་གཏོད་པ། དེ་བཞིན་གྲོང་མིའི་སྤྱི་ཡོངས་ཀྱི་བཟའ་བཏུང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
གུང་ཐང་གྲོང་ཚོའི་གྲོང་མི་ལྷག་པ་སྒྲོལ་མས་སྡེ་ཁུལ་གྱི་ཟ་ཁང་བཙུགས་པས་ང་ཚོ་ཐག་ཉེ་སར་ཟ་མ་ཟ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ལ། ཁ་ལག་ཀྱང་གཙང་མ་ཡོད་པས་བློ་བདེ་པོ་ཡོད་པ་མ་ཟད།ཕན་པ་ཡང་ཆེན་པོ་ཐོབ་བྱུང་བས་ངས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社