(པར་ངོས་དང་པོར་མཐུད)གལ་ཏེ་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་མ་དཔེར་གནད་དོན་ཐོན་ཚེ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཞུ་འབུལ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
2021ལོ་ནས་བཟུང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“གནད་སྨིན་གཅིག་དང་གསར་སྐྲུན་གཅིག”གི་རྩ་དོན་སྤྱད་དེ་ཁག་བགོས་རྣམ་པའི་བཟའ་བཅའི་མྱུར་བཤེར་ས་ཚིགས་10བཙུགས་ཡོད་ཅིང་། དེ་དག་བཙུཊ་ཡུལ་ནི་དོག་སྡེ་ལམ་དང་། བཅིངས་གྲོལ་ནུབ་ལམ། སེ་ར་ལམ། པེ་ཅིང་དཀྱིལ་ལམ་སོགས་རེད། མྱུར་བཤེར་ས་ཚིགས་ཀྱིས་སྔོན་ཐོན་གྱི་ཞིབ་དཔྱད་སྒྲིག་ཆས་དང་ཆེད་ལས་ཀྱི་ཞིབ་དཔྱད་མི་སྣ་བཀོད་སྒྲིག་བྱས་ཏེ། མ་དཔེའི་ཁྱབ་རྒྱ་ཆེ་བ་དང་། ཞིབ་དཔྱད་ཚད་ལེན་གྱི་མྱུར་ཚད་མགྱོགས་པ། མཇུག་འབྲས་གནད་ལ་འཁེལ་བ་བཅས་ཀྱི་རྩ་དོན་མངོན་འགྱུར་བྱུང་བ་བྱས་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཐོབ་སྣང་དང་།བདེ་སྣང་།སྐྱིད་སྣང་བཅས་མཐོ་རུ་བཏང་ཡོད་པར་མ་ཟད།ད་དུང་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་རོགས་རམ་ཡང་བྱས་ཡོད་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社