分享按钮

རང་གྲོང་གིས་2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ།

ཝང་ཧུའེ་བྱེད་སྒོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་དེ་ཡིན་ཞིང་། ཚེས་13ཉིན་རང་གྲོང་གིས་རྫོང་རྒྱབ་ཀླུ་ཁང་དུ་2024ལོའི“དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་དོན་ཁྲིམས་གཞུང་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་དང་། དེ་བཞིན“ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན”ཞེས་པའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས《དམངས་དོན་ཁྲིམས་གཞུང》ལ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཚ་རླབས་མུ་མཐུད་འཕྱུར་བར་བྱས་ནས《དམངས་དོན་ཁྲིམས་གཞུང》གིས་གྲོང་མི་མང་ཚོགས་ཀྱི་འཚོ་བར་ཕན་ཐོགས་ཐུབ་པར་བྱ་རྒྱུ་དེ་རེད།

བྱེད་སྒོའི་ཁྲོད། ལྷ་ས་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་། ང་ཚོ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་པ་ཐོབ་མཁན་ཡིན་ལ་མཛེས་ལྡན་ལྷ་ས་འཛུགས་སྐྲུན་བྱེད་མཁན་དེ་བས་ཀྱང་ཡིན། ཚང་མས་ཁྲིམས་སྲུང་གི་འདུ་ཤེས་དང་། ཁྲིམས་སྲུང་གི་འབད་བརྩོན། ཁྲིམས་སྲུང་གི་བྱ་སྤྱོད། ཁྲིམས་སྤྱོད་ཀྱི་ལག་ལེན་བཅས་ལ་བརྟེན་ནས་ང་ཚོ་ཤེས་དཔལ་ལྡན་པའི་ལྷ་སའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོ་ཞིག་མདུན་བསྐྱོད་ཐུབ་ནས་ཁྲིམས་སྐྱོང་ལྷ་སའི་འཛུགས་སྐྲུན་ལ་ངོ་མཚར་ཆེ་བའི་ནུས་པ་ཞིག་སྣོན་ཐུབ་ངེས་ཡིན་པའི་ནན་གསུངས་གནང་ཡོད།

བྱེད་སྒོའི་ཁྲོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམངས་དོན་ཁྲིམས་གཞུང་ལ་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་ཡག་པོ་བཅས་བྱས་ཏེ་ཁྲིམས་སྐྱོང་དང་། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་མཉམ་དུ་ཤུགས་འདོན་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ།ཁྲིམས་གཞུང་གི་དགོངས་དོན་དང་། ཁྲིམས་སྐྱོང་གི་འདུ་ཤེས། བཅའ་ཁྲིམས་ཀྱི་གཏན་འབེབས་བཅས་ལྷ་སར་གཞི་ཚུགས་པར་སྐུལ་འདེད་བཏང་ནས་གྲོང་མི་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་དྲང་གཞག་དང་དྲང་བདེན་ཡོད་པ་ཚོར་བར་བྱེད་དགོས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རང་འགུལ་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་འཛིན་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་སྐབས་ཁྲིམས་ལ་བསྟུན་པ། འགལ་བ་སེལ་དུས་ཁྲིམས་ལ་བསྟུན་པ་བཅས་ཀྱི་ཁྲིམས་སྐྱོང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱ་དགོས་པའི་བླང་བྱ་བཏོན་གནང་ཡོད།

ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་དྲིལ་བསྒྲགས་དང་། ཞིང་ལས་དང་གྲོང་གསེབ། དམངས་སྲིད། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 ཝང་ཧུའེ་བྱེད་སྒོར་ཞུགས་པ། 6 6 拉萨日报藏文 c180935.html 1 རང་གྲོང་གིས་2024ལོའི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->