分享按钮

གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱིས་ཆེད་དོན་དབྱེ་ཞིབ་བྱེད་པའི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱིས་ཆེད་དོན་དབྱེ་ཞིབ་བྱེད་པའི་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། རྫོང(ཆུས)ཨུད་ཁག་གིས་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། ལས་བྱེད་པ་རྒན་གྲས་ཅུས་ཀྱི་ཅུས་ཀྲང་བཅས་དང་། ལྷ་སར་བཅའ་སྡོད་རྫོང(ཆུས)ཁག་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་གི་ལས་བྲལ་ལས་འཁྱུར་ངལ་གསོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི(ཡང་ན་ཧྲུའུ་ཅི་གཞོན་པ)སོགས་མི་100ལྷག་ཙམ་ཞུགས་ཡོད།

ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པས་གྲོང་ཨུད་ཏང་གི་སློབ་གྲྭ་དང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་སོགས་ཚན་པ་7ལ་2023ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་བྱང་བུ་སྤྲད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོ་བྱས་པའི་ཏང་རྩ་འཛུགས་ཁག་ལ་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སྤྲད་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཆེད་དོན་དབྱེ་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། སློབ་སྦྱོང་གི་གཙོ་གནད་ལ་དམིགས་ཏེ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ཚད་གཞི་མཐོ་ཞིང་བླང་བྱ་ནན་པོའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་བཅས་བྱེད་དགོས་ལ། ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་འགོ་ཚུགས་སར་བྱས་ཏེ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་ཏན་ཏིག་བྱས་ནས།དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་། ཉེན་ཟོན་སློབ་གསོར་སློབ་སྦྱོང་། གསལ་འགྲེལ་གསོ་སྦྱོང་ལ་སློབ་སྦྱོང་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས་པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་དང་། དོན་དངོས། སེམས་ནང་ཟུག་པར་སྐུལ་འདེད་བཏང་ཐོག སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་།ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“གདོང་དམག་བདུན”ཡག་པོ་བྱེད་པའི་ཐད་སྒྲིག་ཁྲིམས་ཀྱི་འགན་ལེན་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180936.html 1 གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱིས་ཆེད་དོན་དབྱེ་ཞིབ་བྱེད་པའི་སློབ་སྦྱོང་ཚོགས་འདུ་འཚོགས་པ། /enpproperty-->