ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་10ཉིན།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ“གྲགས་རྟགས་ལ་བརྟེན་ནས་སྙེ་མོའི་གཟིམ་སྤོས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་རམ་འདེགས་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་བོད་རྒྱའི་སྐད་རིགས་གཉིས་ལྡན་གྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།
གསོ་སྦྱོང་ཁྲོད། དབང་ཆ་སྤྲད་ཅིང་ཚད་གཞི་ལོན་པའི་ཚན་པ་15ཡི་འཐུས་མི་དང“སྙེ་མོའི་གཟིམ་སྤོས”ཞེས་པའི་ཚོང་རྟགས་ཀྱི་དབང་ཆ་སྤྲོད་ལེན་གྱི་གན་རྒྱ་བཞག་པར་མ་ཟད། དབང་ཆ་ཐོབ་པའི་ལག་ཁྱེར་ཡང་བླངས་ཤིང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཐུན་ཚོགས་ལ“ཚོང་རྟགས་གྲགས་ཅན་གྱི་མཛུབ་སྟོན་ས་ཚིགས”ཞེས་པའི་སྒོ་བྱང་སྤྲད་པ་རེད། དེའི་ཐོག་ནས་ཚོང་རྟགས་གྲགས་ཅན་གྱི་མཛུབ་སྟོན་ཞབས་ཞུ་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་། “སྙེ་མོའི་གཟིམ་སྤོས”ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་ཕྱིན་པ་བཅས་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། སྙེ་མོའི་གཟིམ་སྤོས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཡོད་མོད། འོན་ཀྱང་ཐོན་དབང་གི་མཚོན་རྟགས་སྤྱོད་སྟངས་དང་བརྡ་ཁྱབ་སྤེལ་སྟངས་ཚད་ལྡན་མིན་པ། ཚད་གཞི་ལག་བསྟར་བྱེད་སྟངས་གཅིག་གྱུར་མིན་པ། དེ་བཞིན་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཚོང་ལས་ཀྱི་གསང་བ་སྲུང་བ། འབྱུང་ཁུངས་སྲུང་བ་བཅས་ཀྱི་ནུས་པ་སྔར་བཞིན་མི་འདང་བ་སོགས་ཀྱི་སྣང་ཚུལ་མང་པོ་ཐོན་ཡོད་པས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་སྒོའི་སྡེ་ཚན་ཁག་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལས་དོན་གྱི་དང་བླངས་པས་ཕྱོགས་བསྡུས་ལས་སྒོའི་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་བོད་རྒྱའི་སྐད་རིགས་གཉིས་ཀྱི་ཐོག་ནས་མཐུན་ཚོགས་ཀྱི་ཚོགས་མི་112ལ་མཛུབ་ཁྲིད་དང་གསོ་སྦྱོང་བྱས་ཤིང་། ཤེས་བྱའི་བདག་དབང་དང་། བརྡ་ཁྱབ། ཚོང་ལས་ཀྱི་གསང་བ་སོགས་དང་འབྲེལ་བ་ཡོད་པའི་དྲིལ་བསྒྲགས་དཔྱད་ཡིག་ཁག་300ལྷག་ཙམ་སྤྲད་པ་དང་། ལས་སྒོའི་སྐོར་གྱི་དྲི་བ་23ལ་ལན་བཏབ་པ་རེད། སྙེ་མོ་རྫོང་ཐོན་པ་ཤང་ནོར་བུ་རིན་ཆེན་གནའ་སྤོས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་རྒྱ་མཚོས་ཐེངས་འདིའི་གསོ་སྦྱོང་ལས་ང་ཚོས་ཚོང་རྟགས་གྲགས་ཅན་གྱི་གལ་ཆེའི་རང་བཞིན་སྔར་བས་ཤེས་རྟོགས་ཐུབ་བྱུང་ལ་གོ་ཆོད་པའི་ཤེས་བྱའང་མང་པོ་ཞིག་ཤེས་བྱུང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག སྙེ་མོའི་གཟིམ་སྤོས་ཐོན་ལས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་འབྱུང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།
སྙེ་མོའི་གཟིམ་སྤོས་ནི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཤིག་ཡིན་ཞིང་། ས་ཁམས་རྟགས་མཚན་གྱི་ར་སྤྲོད་ཚོང་རྟགས་དང་སྲུང་སྐྱོང་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ལྡན་ཡོད། སྙེ་མོ་རྫོང་གཟིམ་སྤོས་མཐུན་ཚོགས་ཀྱི་ནང་དུ་ཀུང་སི་དང་མཉམ་ལས་ཁང་སོགས་115ཡོད་ཅིང་། མི་214ལས་ཞུགས་ཐུབ་ཡོད། 2024ལོའི་ཟླ་3ཚེས་16ཉིན་སྙེ་མོའི་གཟིམ་སྤོས་འགྲེམས་འཚོང་ས་ཚིགས་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་ལས་འགོ་ཚུགས་པ་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社