ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་ཏང་ཀྲི་པུའུ་ཡིས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཏང་ཀྲི་པུའུ་དང་ལྷུན་གྲུབ་རྫོང་གནམ་གཤིས་ཅུས་ཀྱི་ཏང་ཀྲི་པུའུ་སོགས་དང་མཉམ་འབྲེལ་བྱས་ནས“གསར་གཏོད་ཀྱིས་ཚན་རྩལ་ལ་སྐུལ་འདེད་བཏང་ནས་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་ཡོན་དབར་དང་ཀྲི་པུའུ་དབར་སྤེལ་རེས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།ཏང་ཡོན་ལས་བྱེད་པས་ཞིང་ལས་འཕེལ་རྒྱས་ཁྲོད་ཚན་རྩལ་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཤུཊ་ཆེ་རུ་བཏང་ཡོད།
ད་ཐེངས་ཀྱི་བྱེད་སྒོ་དེ་ལྷུན་གྲུབ་རྫོང་དུ་སྤེལ་བ་དང་།བྱེད་སྒོ་སྤེལ་བའི་སྔ་དྲོར་ཏང་ཡོན་ཚོས་ལྷུན་གྲུབ་ཞིང་རའི་གསར་རྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་གསར་རྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཡོད། ཕྱི་དྲོར་རྫོང་གནམ་གཤིས་ཅུས་སུ་བཞུགས་མོལ་བྱས་ནས་རྒྱལ་ཁབ་ཞིང་ལས་གནམ་གཤིས་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་མི་སྣས་གནམ་གཤིས་ཚན་རྩལ་གསར་གཏོད་ཀྱིས་ཞིང་ལས་ཐོན་སྐྱེད་ཁྲོད་ཐོན་པའི་ཕན་འབྲས་ཐད་ངོ་སྤྲོད་བྱས་པ་རེད། དེ་རྗེས་ཏང་ཡོན་ཁག་གིས་ཚོད་ལྟའི་དྲོད་ཁང་དང་ཞིང་ཁའི་གནམ་གཤིས་སྔོན་བརྡའི་ས་ཚིགས་ལ་ལྟ་སྐོར་བྱས་ནས་གནམ་གཤིས་ཚན་རྩལ་འདི་ཉིད་ནས་འདེབས་པ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ཁྲོད་དངོས་སུ་བེད་སྤྱོད་བྱས་པའི་ཐད་ཤེས་རྟོཊ་གཏིང་ཟབ་བྱས་པར་མ་ཟད།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ཏང་གི་སྒྲིག་ཁྲིམས་ཤེས་བྱའི་དྲི་བར་ལེན་འདེབས་པའི་འགྲན་བསྡུར་ཡང་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཏང་ཡོན་ཚོས་ཞིང་ལས་འཕེལ་རྒྱས་ཁྲོད་ཚན་རྩལ་གསར་གཏོད་ཀྱིས་ཐོན་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱུང་བ་དང་ཏང་ཡོན་དབར་གྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་བྱེད་སྒོའི་ཐོག་གནམ་གཤིས་སྡེ་ཚན་དང་ཚན་རྩལ་སྡེ་ཚན་དབར་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚན་རྩལ་གྱི་ནུས་པས་འབྱུང་འགྱུར་དེང་རབས་ཞིང་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཚན་རྩལ་གྱི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社