分享按钮

ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་གྲོང་ཚོའི་སྡེ་ཁུལ་གྱི་ཟ་ཁང་སྒོ་ཕྱེ་བ།

ལོ་70ཡན་གྱི་རྒན་རྒོན་ལ་རིན་མེད་ཟ་མ་མཁོ་འདོན་བྱས་པ།

པར་འདི་ནི་ཁོང་ཚོས་ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་སྡེ་ཁུལ་གྱི་ཟ་ཁང་དུ་ཟ་མ་ཟ་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་12ཉིན། ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་དང་ཚལ་གུང་ཐང་ཁྲོམ་གཞུང་གིས་ནུས་ཤུགས་ཡོད་རྒུས་བཏོད་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཏེ། ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་གྲོང་ཚོའི་སྡེ་ཁུལ་གྱི་ཟ་ཁང་སྒོ་ཕྱེ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད།

གུང་ཐང་གྲོང་ཚོའི་སྡེ་ཁུལ་གྱི་ཟ་ཁང་ནི་རླངས་འཁོར་འཇོག་ས་དང་།རླངས་འཁོར་འཁྲུ་ས།བཟའ་བཏུང་།སྟབས་བདེའི་ཚོང་ཁང་བཅས་གཞི་གཅིག་ཏུ་བསྡུས་པའི་གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན། རྣམ་གྲངས་ཧྲིལ་པོར་མ་དངུལ་བསྡོམས་འབོར་སྒོར་ཁྲི་431.75བཏང་ཡོད་པ་དང་། གུང་ཐང་གྲོང་ཚོར་རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ཁྲེང་ཀོན་ཆུས་ཀྱི་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོ(སྡེ་ཁུལ)9ལ།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 ལོ་70ཡན་གྱི་རྒན་རྒོན་ལ་རིན་མེད་ཟ་མ་མཁོ་འདོན་བྱས་པ། 6 6 拉萨日报藏文 c180932.html 1 ཚལ་གུང་ཐང་ཁྲོམ་གཞུང་གུང་ཐང་གྲོང་ཚོའི་སྡེ་ཁུལ་གྱི་ཟ་ཁང་སྒོ་ཕྱེ་བ། /enpproperty-->