分享按钮

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག རླངས་འཁོར་འཇོག་སའི་དོ་དམ་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས་འབྲེལ་ཡོད་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འདོན་པར་དོན་སྙིང་ཆེན་པོ་ལྡན་ཡོད། གནད་དོན་ཁྲིད་སྟོན་དུ་འཛིན་པ་དང་དགོས་མཁོ་སྣེ་ཁྲིད་དུ་བཟུང་སྟེ། རླངས་འཁོར་འཇོག་སའི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། སྤུས་ཚད་ལ་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།ཡུལ་བབ་དང་བསྟུན་ནས་སྲིད་ཇུས་དང་བྱ་ཐབས་གཏན་འབེབས་བྱས་ནས་བཅའ་ཁྲིམས་གཞིར་བཟུང་ཡིག་རིགས་ཚད་ལྡན་དུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག གྲོང་སྐོར་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱིས་ལྷ་སའི་དེང་རབས་ཅན་འཛུགས་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་གཙོ་བོས་རྣམ་གྲངས་དེ་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས་ས་གནས་ས་ཐོག་ཏུ་གནས་ཚུལ་རྟོག་ཞིབ་དང་། འཐབ་ཕྱོགས་མདུན་མར་རིགས་པས་ཁུངས་སྐྱེལ་བྱེད་པ། ཡུལ་དངོས་སུ་བཀོད་གཏོང་བཅས་བྱས་ཏེ། རྣམ་གྲངས་ཀྱི་ཞིབ་ཕྲའི་གནད་དོན་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས་པ་དང་། རང་འགུལ་ངང་གཉེར་སྒྲུབ་དང་འབྲེལ་མཐུད་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་རྣམ་གྲངས་འཛུགས་སྐྲུན་ལ་རྗེས་བསྙེགས་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག ནན་པོ་དང་། ཚན་རིག་དང་མཐུན་པ། ཚད་ལྡན། ནུས་ཆེ་བཅས་ཀྱི་སྒོ་ནས་ཤང་ཕྱིར་འཐེན་དང་གྲོང་རྡལ་འཛུགས་རྒྱུའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ས་ཁོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་དམིགས་ནས་སྔོན་ལ་བཀོད་སྒྲིག་དང་ནང་དོན་གྱི་གཏན་ཚིགས་ཕུན་སུམ་ཚོགས་སུ་བཏང་ནས་གསར་དུ་བཙུགས་པའི་གྲོང་རྡལ་ལ་འཆར་འགོད་དང་། མ་འཇོག འཕེལ་རྒྱས་བཅས་ཡོད་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་གནང་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180931.html 1 /enpproperty-->