ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཉིན་མོ་ཐེངས་16པ་དེ་རེད། གནོད་འཚེ་སེལ་བའི་དོ་དམ་དང་ཕྱོགས་བསྡུས་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་པ། ཉེན་གཡོལ་རྩལ་ནུས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་གཞན་སྐྱོབ་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཚེས་12ཉིན་གྱི་སྔ་དྲོ། 2024ལོའི“5·12”གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཉིན་མོའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་དེ་རང་གྲོང་དུ་སྤེལ་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་བྱེད་སྒོར་ཞུགས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ་ལྷན་དུ་ཕེབས་པ་རེད།
རེན་ཝེ་ཡིས་བྱེད་སྒོ་སྤེལ་ཚུལ་ལ་ཞིབ་བཤེར་ནན་ཏན་གནང་ནས་ལས་དོན་མི་སྣ་དང་བྱེད་སྒོར་ཞུགས་མཁན་མང་ཚོགས་སོགས་དང་གླེང་མོལ་ཡང་ཡང་གནང་བ་རེད། ཁོང་གིས་རང་ལྗོངས་ནི་རང་བྱུང་གནོད་འཚེ་ཐོན་མང་བ་དང་ཐོན་སླ་བའི་ས་ཁུལ་ཞིག་ཡིན་པས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཊ་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། འཕྲལ་སྡོམ་གྱི་ཚན་རིག་ཤེས་བྱ་དྲིལ་བསྒྲགས་བྱ་རྒྱུ་ནི་སྤྱི་དམངས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བའི་ཐོག་མའི་ལས་དོན་གལ་ཆེན་ཞིག་ཡིན་པས་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ“མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་། མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པའི”རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་གསུངས་པ་རེད།
རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་གྱིས“གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཉིན་མོ”དང“ཐོན་སྐྱེད་བདེ་འཇགས་ཟླ་བ”སོགས་དྲིལ་བསྒྲགས་ཀྱི་དུས་ཚིགས་གལ་ཆེན་གོ་སྐབས་སུ་བཟུང་ནས་དྲིལ་བསྒྲགས་བྱེད་པ་དང་། དྲི་བར་ལན་འདེབས་པ། བཀོལ་སྤྱོད་བྱེད་སྟངས་སྦྱོང་བ། ནང་སྦྱོང་བྱེད་པ་སོཊ་སློབ་གསོའི་ཆ་ལྡན་ལ་སྤྲོ་སྣང་གི་ཆ་ལྡན་པའི་ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲཊ་ཀྱི་བྱེད་སྒོ་སྤེལ་ཏེ་ས་ཡོམ་ཁྲོད་རང་སྲོག་རང་གིས་སྐྱོབ་སྟངས་དང་། མེ་ཟོན་བདེ་འཇགས་ཀྱི་སྐོར་སོགས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་བ་དམ་ཟབ་ཡོད་པའི་རྩལ་ནུས་དྲིལ་བསྒྲགས་ལེགས་པར་བྱེད་དགོས་པ་དང་། སྤྱི་དམངས་ཀྱི་གནོད་འཚེ་སྔོན་འགོག་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ལ་མཉམ་ཤུཊ་ཆེན་པོ་ཞིག་ཆཊ་པར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社