分享按钮

ཙི་ཙི་རོང་གྲོང་ཚོར་མཚན་མོའི་སློབ་གྲྭ་འཚོགས་ནས་མཛེས་སྡུག་ལྡན་པའི་འཚོ་བར་སྟབས་བདེ་བསྐྲུན་པ།

པར་འདི་ནི་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་ཡུལ་མིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་ཚོགས་ཆུང་གི“ཞིང་འབྲོག་པའི་མཚན་མོའི་སློབ་གྲྭའི་སློབ་ཁྲིད་ས་གནས་སུ”སྔར་རྒྱུན་བཞིན་སློབ་ཚན་འཚོགས་ཤིང་། ཡུལ་མི་40ལྷག་ཙམ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་ཡིག་གི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱེད་བཞིན་ཡོད། རྒན་ལགས་ཀྱིས་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་སློབ་ཁྲིད་བྱས་པར་དམིགས་ནས་སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་བཞིན་མཆིས།

སློབ་མ་ལྷུན་གྲུབ་ཀྱིས་མཚན་མོའི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་ནས་བཟུང་། ང་ཉིན་ལྟར་གྱི་དགོང་མོར་མཚན་མོའི་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭར་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་ཡིག་གི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱེད་བཞིན་ཡོད། མིག་སྔར་སྟབས་བདེའི་སྤེལ་རེས་བྱེད་ཐུབ་པར་མ་ཟད། ངའི་འཚོ་བར་ཡང་ཕན་ཐོགས་ཆེན་པོ་ཡོད་པས་སླད་ཕྱིན་ངས་སློབ་སྦྱོང་སྔར་བས་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

ཙི་ཙི་རོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་དབང་གིས་ཉེ་བའི་ཟླ་བ་ཁ་ཤས་རིང་གསོ་སྦྱོང་བྱས་པ་བརྒྱུད་མང་ཚོཊ་ཀྱི་སློབ་སྦྱོང་གི་སྤྲོ་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པར་མ་ཟད། སློབ་སྦྱོང་གི་ནུས་པའང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སླད་ཕྱིན་ང་ཚོས་བུད་མེད་མཚན་མོའི་སློབ་གྲྭ་གཉེར་བའི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས་བྱ་ཐབས་རྒྱུན་ཆད་མེད་པར་ལེཊ་སུ་བཏང་ཐོག་མང་ཚོཊ་ཀྱི་རིག་གནས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180930.html 1 ཙི་ཙི་རོང་གྲོང་ཚོར་མཚན་མོའི་སློབ་གྲྭ་འཚོགས་ནས་མཛེས་སྡུག་ལྡན་པའི་འཚོ་བར་སྟབས་བདེ་བསྐྲུན་པ། /enpproperty-->