分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་13ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་ཤིང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བཅའ་ཁྲིམས》ཐད་སློབ་སྦྱོང་བྱས་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གྱིས་དེང་རབས་ཅན་གྱི་དངུལ་རྩའི་ཞབས་ཞུའི་ལས་རིགས་གཅིག་སྡུད་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལག་བསྟར་ཇུས་གཞི་དང་། ལྷ་ས་གྲོང་ཁྱེར་གྱི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་དང་བྱ་ཐབས་འགའ་ཞིག རླངས་འཁོར་འཇོག་ས་དང་འབྲེལ་བ་ཡོད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ། གྲོང་སྐོར་མྱུར་བགྲོད་གཞུང་ལམ་རྣམ་གྲངས་སོགས་ཀྱི་ལས་དོན་ཐད་ཞིབ་འཇུག་གནང་བ་རེད།

ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། བཅའ་ཁྲིམས་ལ་སློབ་སྦྱོང་དང་། བཅའ་ཁྲིམས་ཤེས་པ། ཁྲིམས་ལྟར་ཁྲིམས་འཛིན་བཅས་བྱས་ཏེ་བཅའ་ཁྲིམས་ནང་གསལ་པོར་བཀོད་པའི་དོན་ཚན་རྣམས་རྨོ་ཞིང་སྲུང་སྐྱོང་དང་། འབྲུ་རིགས་ཐོན་སྐྱེད། འབྲུ་རིགས་གསོག་འཇོག་སོགས་ཀྱི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་པ། བཅའ་ཁྲིམས་གོང་དུ་བཀུར་བ་དང་བཅའ་ཁྲིམས་བསྲུངས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་རྟོགས་ངང་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་བ་དང་། བཅའ་ཁྲིམས་ཀྱི་འོས་འགན་སྒྲུབ་པ། བཅའ་ཁྲིམས་ལྟར་དབང་ཆ་སྤྱོད་པ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་གྱི་འཛུགས་སྐྲུན་ཐད་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པས་ང་ཚོས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་དང་། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། དངུལ་རྩའི་ཐོན་ལས་སྟོབས་ཆེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པའི་ཐད་ཁ་ཕྱོགས་གསལ་སྟོན་དང་། སྲིད་ཇུས་མཁོ་འདོན། སྟེགས་བུ་མཁོ་འདོན་བཅས་གནང་ཡོད། སྲིད་ཇུས་ལ་སློབ་སྦྱོང་དང་སྲིད་ཇུས་སྤྱོད་པ་དང་། དམིགས་འབེན་ལས་འགན་དང་། ལས་ཀའི་བྱ་ཐབས། སྲིད་ཇུས་བཅས་ཁོང་དུ་ཆུད་པར་བྱས་ནས་ལས་ཀའི་ཁྲོད་སྒྱུར་བཅོས་དང་གསར་གཏོད་བྱས་ནས་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། དོན་འཁྱོལ་ཡག་པོ་བྱེད་པར་དམ་འཛིན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱེད་པར་མུ་མཐུད་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ། ཁྲིམས་ལུགས་དང་སྒྲིག་སྲོལ་གཞིར་བཟུང་ནས་དྲང་གཞག་ངང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་ཡོད།(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180928.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་པ། /enpproperty-->