ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དམངས་འཚོའི་ལས་དོན་དངོས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་།ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས“ཞིབ་བཤེར་བྱེད་ནུས་ཆེ་རུ་གཏོང་བ་དང་ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ”དེ་2024ལོའི་སྤྱི་ཡོངས་ཀྱི“མཐོ་རིམ་ལྔའི”ལས་ཀའི་དམིགས་ཚད་ནང་བཅུག་ནས་ཞིབ་བཤེར་ཚད་ལེན་མ་ལག་གི“ལྷ་སའི་རྣམ་པ”རིམ་བཞིན་འཛུགས་སྐྲུན་བྱ་རྒྱུ་རེད།མིག་སྔར།མ་ལག་ཁྲོད་ཀྱི་ཟས་རིགས་མྱུར་བཤེར་གྱི་ས་ཚིགས་10ཚང་མ་བསྐྲུན་ཟིན་པར་མ་ཟད།རྒྱུན་གཏན་བཞིན་འཁོར་སྐྱོད་ཀྱང་བྱེད་ཀྱི་ཡོད་པ་རེད།
ཁྲེང་ཀོན་ཝན་ཏཱ་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་དུ། མྱུར་བཤེར་ས་ཚིགས་ཀྱི་ཞིབ་དཔྱད་མི་སྣས་ལས་གོས་དང་ལག་ཤུབས་གྱོན་ནས་ཤིང་ཏོག་དང་། སྔོ་ཚལ། ཤ་རིགས། སྲན་བཟོས་ཐོན་རྫས་བཅས་ཕྱིར་འཚོང་བྱེད་སར་སྐབས་བསྟུན་གྱིས་མ་དཔེ་བླངས་ནས་ཁུག་མའི་ནང་བླུགས་ཏེ་རྩིས་བརྒྱབ་རྗེས་མྱུར་བཤེར་ས་ཚིགས་སུ་མགྱོགས་མྱུར་ཞིབ་དཔྱད་བྱེད་པར་འཁྱེར་གྱི་ཡོད་པ་རེད། ཞིབ་དཔྱད་ཚད་ལེན་གྱི་མ་དཔེ་གྲ་སྒྲིག་དང་། གཏུབ་པ། ཚོད་ལྟའི་སྨན་རྫས་བླུགས་པ། དོ་སྙོམས་ཁུ་བ་འདོན་པ། དེ་ནས་ཞིབ་དཔྱད་ཚད་ལེན་ཡོ་བྱད་ཐོག་བཞག་ནས་ཞིབ་དཔྱད་བྱེད་པ། མདོར་ན་དུས་ཐུང་གི་སྐར་མ་བཅུ་ལྷག་རིང་མ་དཔེར་གནད་དོན་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཟས་རིགས་ཞིབ་བཤེར་ལྟེ་གནས་ཝན་ཏཱ་མྱུར་བཤེར་ས་ཚིགས་ཀྱི་ཞིབ་དཔྱད་མི་སྣ་དབྱང་ཐུང་གིས་ང་ཚོས་མྱུར་བཤེར་ས་ཚིགས་ཀྱི་འཁོར་སྐྱོད་ཇུས་གཞི་གཞིར་བཟུང་།ཉིན་ལྟར་ཉེ་འགྲམ་གྱི་ཞིང་ཞོར་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། སློབ་གྲྭ་སོགས་ནས་མེ་དཔེ་ལེན་པ་དང་སྦྲགས། གྲོང་མིས་ཞིབ་བཤེར་བྱ་རྒྱུར་བསྐྱལ་བའི་མ་དཔེར་དུས་ཐོག་ཏུ་ཞིབ་བཤེར་བྱས་ནས་ཞིབ་བཤེར་བྱས་འབྲས་དུས་ཐོག་ཏུ་ཤེས་སུ་འཇུག་གི་ཡོད། ཞིབ་བཤེར་གྱི་རིགས་ལ་སྔོ་ཚལ་དང་། ཤིང་ཏོག ཤ་རིགས་སོགས་ཡོད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社