分享按钮

འཚོ་བ་ནི་དམངས་དོན་ཁྲིམས་གཞུང་དང་འབྲེལ་བ་དམ་ཟབ་ཡོད།

2024ལོའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 《དམངས་དོན་ཁྲིམས་གཞུང》གི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་གྲོང་མི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་སྟེ། 《དམངས་དོན་ཁྲིམས་གཞུང》ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཁྱབ་ཐུབ་པར་བྱ་ཆེད། ཟླ་5ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་ཁྲིམས་འཛིན་ཐིང་། ལྗོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་སྒྲུབ་འགན་ཁུར་བའི་འཚོ་བ་ནི་དམངས་དོན་ཁྲིམས་གཞུང་དང་འབྲེལ་བ་དམ་ཟབ་ཡོད་ཅེས་པའི་བྱེད་སྒོ་དེ་རང་གྲོང་དུ་སྤེལ་འགོ་ཚུགས་ཤིང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་སོགས་ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་གྱི་ཁོངས་གཏོགས་ཚན་པ་13བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ཁྲིམས་ལུགས་ཁྱབ་གདལ་གཏོང་མཁན་གྱི་ཁོངས་གཏོགས་ཚན་པའི་ལས་དོན་མི་སྣས་འགྲེམས་སྟོན་པང་ལེབ་བཀོད་སྒྲིག་དང་དྲིལ་བསྒྲཊ་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་མི་ཚང་མར《དམངས་དོན་ཁྲིམས་གཞུང》གི་གཞི་རྩའི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། 《དམངས་དོན་ཁྲིམས་གཞུང》ཁྲོད་ཀྱི་རྒྱུ་ནོར་གྱི་དབང་ཆ་དང་། མི་གཤིས་ཀྱི་དབང་ཆ། གཉེན་སྒྲིག་དང་འབྲེལ་བའི་ཁྱིམ་ཚང་གི་གནད་དོན་སོགས་ཐད་ཀྱི་བཅའ་ཁྲིམས་གཏན་འབེབས་གཙོ་གནད་དུ་བཟུང་སྟེ་འགྲེལ་བཤད་བརྒྱབ་ཡོད། ཞབས་བྲོ་དང་། གླུ་གཞས། དགོད་གཏམ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བཀོད་སྒྲིག་བྱས་པའི་དྲིལ་བསྒྲགས་ཀྱི་རྣམ་པའི་ཐོག་ནས་གྲོང་མི་མང་པོ་ཞིག་གིས་རང་དབང་མེད་པར་གོམ་མཚམས་བཞག་ནས་ལྟད་མོར་ལྟ་བཞིན་ཡོད། སྤྲོ་སྣང་གི་རང་བཞིན་དང་མང་ཚོགས་ཞུགས་པའི་སྤྲོ་སེམས་ཆེ་རུ་གཏོང་ཆེད། བྱེད་སྒོ་དེ་ད་དུང་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་བྱ་དགའ་ཡོད་པའི་དྲིས་ལན་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཚང་མས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ནས་བཅའ་ཁྲིམས་ཀྱི་ཤེས་བྱར་སློབ་སྦྱོང་བྱས་ཤིང་། ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ཏེ་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་སྔར་བས་འཁྲུག་ཆ་དོད་དུ་སོང་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 འཚོ་བ་ནི་དམངས་དོན་ཁྲིམས་གཞུང་དང་འབྲེལ་བ་དམ་ཟབ་ཡོད། 6 6 拉萨日报藏文 c180926.html 1 2024ལོའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ། /enpproperty-->