分享按钮

ཝང་ཆང་འདམ་གཞུང་རྫོང་དུ་ཕེབས་ནས་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

(པར་ངོས་དང་པོར་མཐུད)སྤུས་ཚད་ལེགས་པ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་ནས། གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཝང་ཆང་གིས་ནན་གསུངས་གནང་དོན། ཚུགས་གནས་མཐོ་རུ་གཏོང་དགོས་པ། གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྐར་ཁུང་དང་སྟེགས་བུ་འདི་བརྒྱུད་ནས་ལྷ་སའི་ཡུལ་ཁོངས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གྲུབ་འབྲས་འགྲེམས་སྟོན་བྱེད་དགོས་པ། ཏང་གི་འགོ་ཁྲིད་འོག་ལྷ་སར་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་དགོས་པ་དང་། ལྷ་སའི་བརྗིད་ཉམས་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། ཡུན་རིང་ཞིང་འོད་སྟོང་འཕྲོ་བའི་ལོ་རྒྱུས་རིག་གནས། བབ་ཆགས་ཤིང་གཏིང་ཟབ་པའི་ཡུལ་སྲོལ་གོམས་གཤིས་བཅས་གང་ལེགས་མངོན་དགོས། ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པ། དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་སྨྱན་སྦྱོར་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཐེངས་མང་བ་བཅས་ཀྱི་སྒོ་ནས་ལྷ་སའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱས་ནས། ཡུལ་སྐོར་བ་དེ་བས་མང་བར་ལྷ་སར་ཡུལ་སྐོར་བྱེད་པའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པར་བྱེད་དགོས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་ཁྲོམ་གཞུང་ཕྱི་ངོས་སྒྱུར་བཀོད་དང་རིམ་སྤོར་བྱ་རྒྱུ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་མང་ཚོགས་ལ་སྐྱིད་སྣང་དོད་པ་དང་། སྟབས་བདེ་བ། བདེ་འཇགས་བཅས་ཀྱི་སྒོ་ནས་འགྲོ་སྐྱོད་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་དགོས།

བརྟག་ཞིབ་གནང་རིང་། ཝང་ཆང་དང་བཅས་པས་ད་དུང་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་གར་སྟེགས་བསྐྲུན་ཚུལ་དང་། རིག་རྩལ་ལེ་ཚན་ནང་སྦྱོང་བྱས་ཚུལ་ལ་ཡང་ཡུལ་དངོས་སུ་ལྟ་ཞིབ་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་བརྒྱུད་རིམ་ཚང་མ་ཞིབ་ཚགས་སུ་གཏོང་བ་དང་ལེ་ཚན་ཚང་མ་ལེགས་སུ་བཏང་ནས། མི་སེམས་དབང་མེད་དུ་འཕྲོག་པའི་མིག་གི་དགའ་སྟོན་ཡག་པོ་ཞིག་བཤམས་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 6 6 拉萨日报藏文 c180924.html 1 ཝང་ཆང་འདམ་གཞུང་རྫོང་དུ་ཕེབས་ནས་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ། /enpproperty-->