分享按钮

དར་རྒྱས་གྲོང་ཚོས་སྐར་བསགས་སྒོ་རྩིས་ཚོང་ཁང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)སྒོ་རྩིས་ཚོང་ཁང་དུ་འཁོར་རྒྱུག་བྱེད་པའི་དངུལ་ལོར་ནི་གྲོང་མི་རྣམས་གྲོང་གསེབ་བཅོས་སྐྱོང་ལས་དོན་ནང་ཞུགས་རྗེས་ཐོབ་པའི་སྐར་མ་ཡིན་པ་རེད། སྒོ་རྩིས་ཚོང་ཁང་ལས་གཉེར་བྱས་རྗེས།སྐར་མ་བསགས་པའི་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་དང་། ཤེས་དཔལ་གྱི་སྲོལ་གསར་དར་སྤེལ་གཏོང་བ་དང་།སྐར་མ་བསགས་པའི་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་མངོན་པར་བྱས་ཡོད།

སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་བསྐོས་ལས་བྱེད་པ་བསྟན་འཛིན་སྒྲོལ་མས་ང་ཚོས་གྲོང་གསེབ་བཅོས་སྐྱོང་གི་ལས་དོན་གལ་ཆེན་དེ་སྐར་བསགས་ཀྱི་ཚད་གཞིར་འཛིན་ཏེ་སྐར་བསགས་ཀྱི་ཞིབ་ཕྲའི་ནང་དོན་33ལ་དབྱེ་ནས་ཚོང་ཟོག་རིགས་31བརྗེས་ཆོག་པ་བཟོས་ཡོད། ལོ་རེར་རིམ་རྩིས་དང་།དུས་ཚིགས་ལྟར་བསྡོམས་རྩིས། ཕྱི་ལོར་བསྐྱར་དུ་བསྡོམས་རྩིས་བཅས་བྱེད་ཀྱི་ཡོད། སྐར་བསགས་སྒོ་རྩིས་ཚོང་ཁང་གིས་སྐར་བསགས་ཉུང་ཉུང་ལ་བརྟེན་ནས་ཞིང་འབྲོག་པ་རྣམས་སྐར་བསགས་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་པ་དང་།ཞིང་འབྲོག་པ་རྣམས་གྲོང་གསེབ་འཛུགས་སྐྲུན་ལ་ལྟ་མཁན་ནས་དེའི་ནང་ཞུགས་མཁན་དུ་བསྒྱུར་བར་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དར་རྒྱས་གྲོང་ཚོའི་ཡུལ་སྲོལ་ཤེས་དཔལ་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།

ཉེ་ཆར།སྐར་བསགས་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས་གསར་འགོད་པས་དངོས་ཟོག་སྣ་ཚོགས་ཚོང་ཁང་ནང་གྲལ་འགྲིག་པོས་བཞག་ཡོད་པ་དང་། 《དངོས་ཟོག་གི་སྐར་བསགས་རིན་གོང་རེའུ་མིག》མངོན་གསལ་དོད་པོའི་གནས་སུ་སྦྱར་ཡོད་ཅིང་། རེའུ་མིག་ཐོག་སོ་ཕག་དང་། ཡི་ཙེ། གོས་འཁྲུའི་གཤེར་ཁུ་སོགས་སྐར་བསགས་སྤྱད་དེ་བརྗེ་ཆོག་པའི་ཞིབ་ཕྲའི་སྐར་མ་བཀོད་ཡོད་པ་མཐོང་བྱུང་།

སྐར་བསགས་ཐོབ་ཐབས་ནི་གྲོང་མིས་རང་འགུལ་ངང་སྒོ་འགྲམ་གྱི་འགན་ལེན་གསུམ་དང་། གད་སྙིགས་རིགས་དབྱེ། ཁོར་ཡུག་བཅོས་སྒྲིག རྒན་བཀུར་གཞོན་གཅེས། ཁྱིམ་མཚེས་དང་འཆམ་མཐུན། ཁྲིམས་སྲུང་ལ་བརྩི་སྲུང་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པར་མ་ཟད། ནང་དོན་མི་འདྲ་བར་དེ་མཚུངས་ཀྱི་སྐར་གྲངས་ཀྱང་གཏན་འཁེལ་བྱས་ཡོད་པ་རེད།

སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོའི་གྲོང་མི་ཆོས་འཛོམས་ཀྱིས་ཉིན་དེར་སྐར་བསགས་སྤྱད་དེ་ལག་པ་འཁྲུ་ཆས་གཅིག་བརྗེས་པ་ཡིན།ད་ཆ་གྲོང་ཚོའི་ནང་སྐར་བསགས་ཚོང་ཁང་བཙུགས་པ་ལས་ང་ཚོས་ཁྱིམ་གྱི་སྒོ་འགྲམ་དུ་སྐར་བསགས་སྤྱད་དེ་ཚོང་ཟོག་བརྗེ་ཐུབ་པས་ཧ་ཅང་སྟབས་བདེ་བ་དང་དུས་མཚུངས་ང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ནས་ཕན་ཐོགས་ཆེན་པོ་འདུག་ཅེས་བཤད།

གཞན་ཡང་།སྒོ་རྩིས་ཚོང་ཁང་དུ་ད་དུང་གསར་བརྗེའི་ས་ཚིགས་བཙུགས་ཡོད་ཅིང་།གསར་བརྗེའི་ས་ཚིགས་སུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཅུང་འཐུས་ཚང་ལྡན་པས་དེའི་ནང་སྲིད་ཇུས་དྲིལ་བསྒྲགས་དང་། སྲིད་ཇུས་བློ་འདྲི། གསར་བརྗེའི་དཔེ་དེབ་ལྟ་ཀློག་སོགས་ཚུད་ཡོད་པ་རེད། ས་ཚིགས་རེ་རེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཅུ་གྲངས་ནས་བཅུ་ཕྲག་ཁ་ཤས་བར་ཟིན་ཡོད་པ་དང་།ངལ་གསོའི་ཁུལ་གྱི་སྒྲོག་ཙེ་དང་།རྐུབ་སྟེགས་དང་། འཐུང་ཆུའི་འཕྲུལ་ཆས། དམངས་ཕན་ཞབས་ཞུའི་སྨན་སྒམ་སོགས་རྨང་གཞིའི་སྒྲིག་བཀོད་རིན་མེད་ངང་མཁོ་འདོན་བྱེད་པ་ཕུད། ད་དུང་དང་བླངས་པས་ཤེས་དཔལ་ལྡན་པའི་ཁ་ཏ་དང་། འགྲོ་ལམ་གསལ་སྟོན། ཆར་གདུགས་གཡར་བ། དངོས་ཟོག་ཉར་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

སྟག་རྩེ་ཆུས་དར་རྒྱས་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡེ་ཤེས་ལེགས་མཚོས་མིག་སྔར་དར་རྒྱས་ཤང་གི་སྐར་བསགས་སྒོ་རྩིས་ཚོང་ཁང་སྲིད་འཛིན་གྲོང་ཚོ་གསུམ་དུ་ཁྱབ་ཡོད། ཕྱིས་འབྱུང་དར་རྒྱས་ཤང་ཏང་ཨུད་ཀྱིས་སྐར་བསགས་སྒོ་རྩིས་ཚོང་ཁང་གི་འཁོར་སྐྱོད་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་སྒྲིག་འཛུགས་དང་། དྲིལ་བསྒྲགས། གོང་བུ་འགྲིལ་ཤུགས། ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་སྔར་བས་ལེགས་པར་བསྒྲུབས་ཏེ་སྐར་བསགས་སྒོ་རྩིས་ཚོང་ཁང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་།དར་རྒྱས་ཤང་གི་བྱ་གཞག་ཁག་ལ་མི་ཚང་མ་ཞུགས་པ་དང་། མི་ཚང་མས་ནུས་ཤུགས་འདོན་པ། མི་ཚང་མས་མཉམ་སྤྱོད་བཅས་བྱེད་པའི་རྣམ་པ་བཟང་པོ་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 6 6 拉萨日报藏文 c180923.html 1 དར་རྒྱས་གྲོང་ཚོས་སྐར་བསགས་སྒོ་རྩིས་ཚོང་ཁང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ། /enpproperty-->