(པར་ངོས་དང་པོར་མཐུད)ལྷ་ས་གྲོང་ཁྱེར་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་གཉིས་པ)གླིང་ཕྲན་གཉིས་ཀྱི་གཙང་པོའི་འབྱུང་འཕྲོད་སྐྱེ་ཁམས་བར་ཁྱམས་ལེགས་སུ་གཏོང་བའི་ལས་གྲྭའི་རྣམ་གྲངས། ཁྲེང་ཀོན་ཆུས་ཀྱི་ལུང་ཤུར་བཅོས་སྐྱོང་རྣམ་གྲངས། ལྷ་ས་གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྣམ་གྲངས། འབར་རླངས་མདོང་ལམ་གསར་བརྗེས་སྒྱུར་བཀོད་རྣམ་གྲངས། ལྷ་ས་གྲོང་ཁྱེར་གྱི་གློག་གཏོང་སྒྱུར་བཅོས་སྐྱོང་རྣམ་གྲངས་སོགས་སྔ་རྗེས་སུ་ལས་འགོ་ཚུགས་ཟིན་པ་དང་། ལས་གྲྭའི་མྱུར་ཚད། བདེ་འཇགས་ཨར་ལས་དང་རྒྱུ་རྐྱེན་གཙོ་བོ་འགན་ལེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཟབ་མོ་གནང་བ་དང་འབྲེལ།ས་གནས་ས་ཐོག་ཏུ་ཨར་ལས་ཚད་ལྡན་དུ་གཏོང་བ་དང་སླད་ཕྱིན་གྱི་སྐུལ་འདེད་གཏོང་བའི་ཐད་ཞིབ་ཕྲིའ་བླང་བྱ་བཏོན་པ་དང་། ལས་འགོ་མ་ཚུགས་པའི་གཙོ་གནད་རྣམ་གྲངས་7ལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་ཡུན་བཀོད་སྒྲིག་དང་དཀའ་ངལ་གྱི་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་རྣམ་གྲངས་སླད་ཕྱིན་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད་པ་རེད།
ཧོ་ཕུང་གིས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས་རྣམ་གྲངས་འགན་འཁྲི་ཚན་པ་ཁག་གིས་རྣམ་གྲངས་གཙོ་བོར་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་དམ་ནན་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་ནན་པོ་བསྒྲུབ་རྒྱུ་དང་། ཕྱོགས་ཁག་གི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་མཉམ་ཤུགས་ཆགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་ཀྱི་འཕེལ་རིམ་འཆར་འགོད་དང་དུས་ཚོད་ཁ་གསལ་བཟོ་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བདེ་འཇགས་ཀྱི་འགག་སྒོ་ནན་པོ་འཛིན་པ། བདེ་འཇགས་བྱེད་ཐབས་ཁག་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་པ་བཅས་བྱས་ཏེ་སྤུས་ཚད་དང་བདེ་འཇགས་ཕྱོགས་གཉིས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཧོ་ཕུང་གིས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་ཁག་གིས་ཕན་ཚུན་མཐུན་སྦྱོར་བྱས་ནས་བྱ་གཞག་ལ་འགན་འཁུར་བའི་ཚད་མཐོའི་རྣམ་འགྱུར་ཐོག་ནས་ཨར་ལས་ཀྱི་མྱུར་ཚད་དང་ཨར་ལས་རྣམ་གྲངས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་དགོས་པ། དོ་བདག་ཚན་པ་དང་།ལྟ་ཞིབ་ཚན་པ།དེ་བཞིན་ཨར་སྐྲུན་ཚན་པ་བཅས་ཀྱིས་རང་སོ་སོའི་འགན་འཁྲི་ཁུར་དགོས་པ་དང་། སྲིད་དོན་གཙང་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་དང་། སྲིད་དོན་གཙང་སྐྱོང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་། ལས་གྲྭ་འཛུགས་སྐྲུན་གྱི་སྒྲིག་ལམ་ཚད་ལྡན་བཅས་བྱེད་དགོས། གཙོ་གནད་རྣམ་གྲངས་བེད་སྤྱོད་ཡག་པོ་བྱས་ནས་མང་ཚོགས་དང་ལྷག་པར་དུ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོའི་ནང་ཟབ་འཇུག་བྱས་ནས་རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་གསར་ཤོས་རྗེས་སྙེགས་ཁོང་དུ་ཆུད་པ་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། གཞོགས་འདེགས་དམ་ཟབ་བྱེད་པ། མདུན་ཕྱོགས་སུ་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་ཚད་གཞི་མཐོ་བའི་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་ལིན་དང་། ཕེང་ཧྥེ་ཡུའེ། ཟླ་བ། དེ་བཞིན་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་ཀྱིས་ཁག་སོ་སོར་རུ་སྣེ་ཁྲིད་དེ་རྫོང(ཆུས)ཁག་ཏུ་དུས་གཅིག་ཏུ་བརྟག་ཞིབ་གནང་བར་བསྐྱོད་པ་རེད།(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社