分享按钮

གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས་ལས་ཁུངས་དང་ཏང་རྩ་འཛུགས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་ཆེད། ཟླ་5ཚེས་11ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་ཐད་གཏོཊ་ལས་ཁུངས་ལས་དོན་ཨུ་ལྷན་གྱིས《སྲོལ་ཡིག》གི་ཆེད་དོན་ཟུར་ཁྲིད་ཚོཊ་འདུ་འཚོཊ་པ་རེད། རང་གྲོང་གི་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་སྡེ་ཚན་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་སོགས་ཁྱོན་མི་160ལྷག་ཙམ་ཟུར་ཁྲིད་ཚོགས་འདུར་ཞུགས་ཡོད།

ཟུར་ཁྲིད་ཚོགས་པས་ལྷ་ས་གྲོང་ཨུད་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་གྲོང་ཨུད་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་ཞིབ་ཁང་གི་ཀྲུའུ་རེན་གཞོན་པ་ཧྥེང་ཅིན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་རེད། ཧྥེང་ཅིན་གྱིས《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་དང་། 《སྲོལ་ཡིག》གི་ནང་དོན་གཙོ་བོ་དང་བཟོ་བཅོས་ཀྱི་བཀྲག་མདངས་འཚེར་ས།《སྲོལ་ཡིག》ལག་ལེན་བྱ་རྒྱུ་བཅས་ཕྱོགས་གསུམ་གྱི་ཐད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་བརྒྱུད་རིམ་ལྡན་པ་དང་།ཁྱོན་ཡོངས།གཏིང་ཟབ་བཅས་ཀྱི་སྒོ་ནས་གསལ་འགྲེལ་བྱས་ཡོད། དེ་དང་ཆབས་ཅིག་དཔེ་མཚོན་གྱོད་དཔེ་དྲངས་ནས་རྒྱུན་མཐོང་གི་སྒྲིག་འགལ་བྱ་སྤྱོད་ལ་དབྱེ་ཞིབ་བྱས་པ་དང་འབྲེལ《སྲོལ་ཡིག》ལག་བསྟར་ཇི་ལྟར་བྱ་རྒྱུའི་ཐད་གྲོས་འགོ་བཏོན་ཏེ་ཚང་མས་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་གཙོ་དོན་དང་།ནང་དོན།གཏན་འབེབས་བླང་བྱ་བཅས་ཁོང་དུ་ཆུད་པར་མཛུབ་ཁྲིད་ནུས་ལྡན་བྱས་ཡོད།

ཚང་མས་ད་ཐེངས་ཀྱི་ཟུར་ཁྲིད་ནང་དུ་ཞུགས་རྗེས་ཤེས་བྱ་མང་པོ་ཤེས་བྱུང་ལ་མྱོང་ཚོར་ཡང་ཅུང་ཟབ་པོ་བྱུང་།ཕྱིར་ལོག་རྗེས་མུ་མཐུད་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་སྔར་བས་ཟབ་གཏོང་དང་། 《སྲོལ་ཡིག》གི་ནང་དོན་ལ་སློབ་སྦྱོང་བྱས་ཏེ་སྔོན་ལ་གོམ་པ་གང་སྤོས་སློབ་སྦྱོང་དང་། སློབ་སྦྱོང་ཇེ་ཟབ། ཤེས་སྦྱོར་གཅིག་མཐུན། མིག་དཔེ་སྟོན་པ་བཅས་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་སེམས་ལ་བརྟན་པོར་འཇོག་པ་དང་ལག་ལེན་དུ་འཁྱོལ་བར་བྱས་ཏེ་དུས་རྟག་ཏུ་རིག་པ་དྭངས་གསལ་དང་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས་ལྷག་བསམ་དང་།སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་མཚོན་པར་བྱ་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-14 6 6 拉萨日报藏文 c180914.html 1 གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་པ། /enpproperty-->