ཉེ་ཆར།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད།རྒྱ་ཆེའི་དགེ་སློབ་དང་འབྲེལ་ཡོད་སྡེ་ཚན་ལ་སྐུལ་མ་ཆེན་པོ་ཐེབས་ཏེ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་།ཏང་གི་སློབ་གསོའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ།ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ།དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སློབ་གསོའི་ལས་འགན་ལ་དམ་པོར་དམིགས་པ།དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ།ཏང་གི་བྱ་གཞག་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་མཁན་གྱི་རྒྱུན་འཛིན་པ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་སྐུལ་འདེད་ཚོགས་འདུའི་ཡུལ་དངོས་སུ་སློབ་གསོ་པུའུ་སྤྱི་ཚོགས་ཚན་རིག་སིའི་སི་ཀྲང་ཞུས་ཆིང་སེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས་པ་རེད།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ལས་དོན་ལ་ཁས་ལེན་གནང་བ་ལས་ང་ཚོར་ལས་འགན་ཕྲག་ཏུ་བབས་པ་དང་འགན་འཁྲི་ལྕི་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་།ང་ཚོས་ལས་དོན་ཁག་གི་བླང་བྱ་ཆ་ཚང་བ་དང་།གནད་ལ་འཁེལ་བ།ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགག་རྩའི་སློབ་ཚན་ཡག་པོ་གཉེར་གང་ཐུབ་བྱེད་པ་དང་།བསམ་བློ་ཆབ་སྲིད་སློབ་ཚན་གྱི་སྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ།ཏང་ཐུགས་བློ་བདེ་པོ་ཡོང་བ་དང་།རྒྱལ་གཅེས་ལ་ལེགས་སྐྱེས་འབུལ་བ།མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཁུར་ཐུབ་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་མ་ཀྲང་དབྱི་ཤའོ་ཡིས་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མ་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་།སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་གསར་གཏོད་དང་འཕེལ་རྒྱས་ཐད་ང་ལ་ཚོར་སྣང་ཟབ་མོ་བྱུང་།སློབ་ཁང་ནང་རྒན་ལགས་ཀྱིས་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཐོག་ནས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་བརྒྱབ་ཅིང་།སློབ་ཁང་ཕྱི་རོལ་དུ་ང་ཚོ་གྲོང་གསེབ་དང་།བཟོ་གྲྭ།སྡེ་ཁུལ་བཅས་སུ་བསྐྱོད་ནས་བརྟག་ཞིབ་བྱས་པ་དང་།བསམ་བློ་ཆབ་སྲིད་སློབ་ཚན་ལ་སློབ་སྦྱོང་བྱས་པ་ལས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་ཡོད་ཅེས་བཤད།
དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社